ལྷ་ལྔའི་བསྟོད་པ།
༄༅། །སེམས་ཅན་སྡུག་བསྔལ་མེ་ཚོགས་ཀྱིས་གདུངས་ལ། །ཐུགས་རྗེའི་ཆུ་རྒྱུན་བསིལ་བས་ཞི་མཛད་ཅིང༌། །རང་བཞིན་བདེ་ལྡན་གནས་སུ་འདྲེན་མཛད་པའི། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་ཞགས་པས་འགྲོ་ཀུན་གྱི། །གནོད་པ་ངེས་བསལ་བདེ་ལ་འགོད་མཛད་ཅིང༌། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད་པ། །དོན་ཡོད་ཞགས་པར་གྲགས་ལ་ཕྱག་འཚལ་ལོ། །མ་ཆགས་པདྨ་རིགས་ཀྱི་རྣམ་པ་ཅན། །ཀླུ་རྒྱལ་ཚུལ་གྱིས་གདུག་པ་འདུལ་མཛད་པ། །དབང་ཆེན་བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །ཁྲོ་ དེ་ལས་མང་་་
