བུ་སློབ་རྣམས་ལ་སྤྲིང་བ།
༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ས་སྐྱ་པཎྜི་ཏས། དབུས་གཙང་མངའ་རིས་དང་བཅས་པའི་དགེ་བའི་བཤེས་གཉེན་ཡོན་མཆོད་རྣམས་ལ་སྤྲིང་བ། སངས་རྒྱས་ཀྱི་བསྟན་པ་དང༌། སེམས་ཅན་སྤྱི་དང༌། སྒོས་བོད་སྐད་སྨྲ་བ་ཐམས་ཅད་ལ་ཕན་པར་བསམས་ནས་ཧོར་ནང་དུ་འོང༌། ངེད་འབོད་མཁན་ལ་ཡོན་བདག་ཆེན་པོ་ཤིན་ཏུ་དགེས། འཕགས་པ་སྤུན་འདི་འདྲ་བའི་ཆུང་བ་ནས་ཁྲིད་ནས་འཁོར་དང་བཅས་པ་འོང་བ་དེ་ངེད་ལ་བསམས་པ་ཡིན དེ་ལས་མང་་་

