བཅད་རྩོམ།

ལྷ་མོའི་གདོང་དང་འདྲ།

2021 ལོའི་ཟླ 12 ཚེས 20 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

འབྲོག་རུ་སྡེ་ཆེ་རྒྱུ་ཆུང་རྒྱུ་མེད་ས་དེ་ག་ན།།
ངའི་མ་ཡི་འཛུམ་ལ་མེ་ཏོག་རྐང་གཅིག་བཞད་པ་མཐོང་།།
ད་དྲང་མོར་བཤད་ན་མེ་ཏོག་ཟེར་ཡང་འཛུམ་ཆུང་ལ།།
ངས་དཔེ་རུ་བཞག་སྟེ་བཤད་འདོད་ཞེ་ལ་ཤར་བས་ཡིན།།
མིའི་གདོང་དུ་མེ་ཏོག་རྐང་གཅིག་བཞད་པ་མཐོང་རྒྱུ་མེད།།
དོན་དེས་ཕྱིར་དཔེ་རུ་དྲངས་བ་ཡིན་པ་ངེས་པར་གྱིས།།
ཉ་གང་ཟླ་བ་དོ་ནུབ་ཤར་གྱི་མ་བྱུང་ཐལ།།
ཟླ་བ་ཚང་དུ་ལོག་ནས་ཡུན་རིང་འགོར་བ་འདྲ།།
དེ་མིན་ཟླ་བ་མ་དང་ དེ་ལས་མང་་་

བཅད་རྩོམ།

སྙན་ངག་ཟེར་བ་མི་འབྲི་སྟེ།

2021 ལོའི་ཟླ 12 ཚེས 20 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

མཚན་ལྡན་བླ་མ་ཞིག་དང་མ་མཇལ་ཞིང་།།
གདམས་པ་གསེར་ནག་འདྲ་ཡང་མ་ཐོབ་ཅིང་།།
དད་པས་གནས་སྣང་མཐོང་བ་མ་བྱུང་ན།།
འཁོར་འདས་འབྱེད་པའི་མགུར་ཞིག་ཇི་ལྟར་བཞེངས།

ཅོག་བཞག་བཞི་ལ་གདེང་ཞིག་མ་འབྱོངས་ཤིང་།།
རིག་པའི་བུ་ཆུང་རྩལ་ཁ་མ་བཏུལ་ཞིང་།།
ཡེ་གྲོལ་གཉུག་གཤིས་རྫོགས་སྟངས་མ་རྟོགས་ན།།
དབུ་མའི་ཐོལ་གླུ་ཞིག་ནི་ཇི་ལྟར་ལེན།།

དབྱིངས་ཐིག་རིག་པའི་རྩེད་འཇོ་མ་མཇལ་ཞིང་།།
བཞུགས་སྟངས་མང་པོས་གཟེར་ཡང་མ་བཏབ་པར།།
ལྷུན་གྱིས་གྲུབ་པའི་ཡིན་ལུགས་ཇི་ལྟར་ཤེས།།
མི་ དེ་ལས་མང་་་

བཅད་རྩོམ།

རྣམ་རྟོག་གིས་བཞེངས་བའི་མཚན་མོ།

2021 ལོའི་ཟླ 12 ཚེས 20 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

གྱིན་འདའ་བ། ཁྲི་འདུ།

དོ་ནུབ་བས་མཐའི་ཚལ་ནས་ཉམས་ལེན་བགྱིད།།
འཁོར་བའི་དྲི་མ་བསེད་པའི་སྔོན་འགྲོ་སྦྱོང་།།
རྣམ་རྟོག་འོག་འགྱུ་རེ་ལ་བླག་ཏེ་སྒོམ།།
སེམས་ཀྱི་དམིགས་པ་རེ་ལ་གཉུལ་ཏེ་འཚོལ།།

དོ་ནུབ་སྤྱི་ཁང་དེ་ནས་ཏིང་ངེར་འཇུག།
སེམས་པ་ཨོ་ཟོབ་མིན་པའི་དམ་བཅའ་འཇོག།
ཅམ་གྱིས་འཁུ་འཁྲིག་དེ་དག་བསིང་བ་བྱ།།
སྙུགས་ཀྱི་རྣམ་རྟོག་དེ་དག་འབལ་བ་བྱ།།

དོ་ནུབ་ཁེར་རྐྱང་ངང་ནས་ཉམས་ལེན་བྱེད།།
ལྷིང་འཇགས་ཟས་སུ་བྱས་ཏེ་རང་ཉིད་འཚོལ།།
རྟོག་པ་སེམས་བྱུང་རེ་ དེ་ལས་མང་་་

བཅད་རྩོམ།

སེམས་ཀྱི་གསེར་མདུད་དམ་མོ།

2021 ལོའི་ཟླ 12 ཚེས 20 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

བཀྲ་ཤིས་སྐྱེད་མོས་ཚལ་གྱི་དགའ་སྟོན་ལ་རོལ་བའི།།
མེ་ཏོག་རྐང་དྲུག་ལྟ་བུའི་སེམས་ཁོང་གི་ལྷ་ཆེན།།
མག་མོག་གར་སྟེགས་གླིང་གི་རྩ་ཆེན་གྱི་བདུད་རྩི།།
མེད་ན་མི་ཆོག་ཡོད་ན་ཡིད་བཞིན་གྱི་བང་མཛོད།།
རྟོག་པ་ཐེད་པོ་ཞིག་གི་ལས་སྣང་གིས་མྱོང་ཚུལ།།
ཀུན་གྱི་ཟེའུ་འབྲུ་ལྟ་བུའི་དགོས་འདོད་བཞིན་སྒོམ་སའི།།
འཇིག་རྟེན་སྒྱུ་མའི་ཁྲོད་ཀྱི་གསེར་མདོག་གི་བླ་མེད།།
ཀུན་ཏུ་བཟང་མོའི་ཐུགས་སྲས་སྒྲ་དབྱངས་ཀྱི་ལྷ་མའོོ།།

མི་རྟག་འཇའ་མཚོན་ཅོ་འདྲིའི་བུ་ཡུག་གི་མཚམས་ནས།།
བརྩེ་ དེ་ལས་མང་་་

བཅད་རྩོམ།

མིང་ནི་བཙལ་ཀྱང་མི་རྙེད་པའི་སྙན་ངག

2021 ལོའི་ཟླ 12 ཚེས 20 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

སྤྱོད་ཁང་རྫོབ་པོ་ལྟ་བུའི་མུན་ནག་གི་གསེབ་ནས
འདྲེ་ཞིག་གི་ལག་པ་ལོས་ཡིན་སྙམ་པའི་གླུ་གཞས་དེའི
ལག་པ་ག་ལེར་འགུལ་དུས
ཕུ་ཆུའི་ངོགས་སུ་རྒྱུ་བའི་ཡུ་མོ་འདྲ་བའི་སེམས་སུ
ཟ་འཕྲུག་སློང་བ་ལྟ་བུའི་སྡོད་མི་བདེ་བ་ཞིག་བྱུང་འོང
མི་ཚོགས་ནི་ལོ་མ་བཞིན་སོ་སོར་འཐོར་དུས
ང་ཡང་དེ་དག་ལས་ལོ་མ་སེར་བོ་ཞིག་ལྟར
ག་ལེར་ཚོན་མ་བགོས་པ་ལྟ་བུའི་ས་གཞིའི་སྟེང་དུ་ལྷུངས
ཡོད་ཀྱང་ཆོད་ལ་མེད་མེད་ཀྱང་མི་འགྲིག་པ་མེད་པའི་ དེ་ལས་མང་་་

ལྷུག་རྩོམ།

སྒོ་སྤྲེའུ་ངེས་དོན་གྱི་སྒེར་དེབ《ལམ་གྱི་ལེའུ》དང་འབྲེལ་བའི་གཏམ།

2021 ལོའི་ཟླ 11 ཚེས 29 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

སྒྱུ་རྩལ་གྱི་མཐར་ཐུག་ནི་ཤེས་རབ་ལས་བྱུང་ཞིང་། མི་རིགས་དེའི་ཚད་མཐོ་བའི་སྐད་ཆ་ནི་མི་རིགས་དེའི་རྩོམ་རིག་ལ་ངོས་འཛིན་གྱིན་པ་གཞིར་བྱས། མི་ཡོད་ཚད་ཀྱིས་རྩོམ་རིག་གི་ཡང་སྙིང་རྟོགས་མི་ཐུབ་ཅིང་། བརྩམས་ཆོས་ཡག་ཤོས་ཤིག་གི་ལྗིད་ཚད་ཀྱང་མཐོ་རིམ་ཀློག་མཁན་གྱི་སྡེ་མ་གཏོགས་མི་དམངས་བྱིངས་ཀྱིས་དེའི་སྒྱུ་རྩལ་གྱི་དགོངས་པ་དང་ཟབ་ཚད་ལ་ངེས་ཤེས་རྙེད་མི་སྲིད། ཡིན་ན་ཡང་། བརྩམས་ཆོས་ཡོད་ཚད་ཚད་ཐིག་འདིར་སླེབས་དགོས་པའི་ངེས་པ་མེད་དེ། དེ་ལས་མང་་་

བཅད་རྩོམ།

དཀར་སྐྱོང་གི་སྨོན་ཚིག

2021 ལོའི་ཟླ 11 ཚེས 29 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

དཀར་ཟས་ལགས།
ཁྱོད་རང་གང་དུ་གནས་བཞད་ཀྱང་ཆོག་སྟེ།
ང་ནི་ཁྱོད་ཀྱི་བཅུད་ལ་ཞེན་པའི།
སྤང་གི་སྦྲང་ཆུང་ཞིག་ཡིན།
ནམ་ཞིག་ལ་ངའི་སྐྱེ་ལུས་གཞན་དུ་གྱུརད་ཀྱང་།
ངའི་འཚོ་བཅུད་ཀྱི་ཁ་ཟས་ཁྱོད་ཡིན།
ངའི་ཡིད་སེམས་ཀྱི་དམ་ཆོས་ཁྱོད་ཡིན།
ཚེ་སྲོག་གི་ལྷ། ཞི་བདེ་ཡི་མགོན།
ང་ཁྱོད་ཀྱི་དོན་དུ་གང་ཞིག་སྐྱེས་ཀྱང་།
ངའི་རེ་བའི་སེམས་སུ་འགྱོད་དབྱངས་ཤིག་མེད།
ཉམ་ཆུང་གི་སྐྱབས། འཚེ་མེད་ཀྱི་ལམ།
དུས་ད་ཐེངས་འུ་གཉིས་ཕྲད་པ་བཞིན་དུ།
སྐྱེ་བ་རྗེས་མར་སྨོན་ དེ་ལས་མང་་་

བཅད་རྩོམ།

སྐད་དེ་གོ་མྱངས་ཤིག་རེད།

2021 ལོའི་ཟླ 11 ཚེས 29 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

སྐྱེ་བ་ཕྱི་མའི་ཕྱི་ཆ་ཞིག་རེད།།
ས་སྲོད་དེ་ཡི་ཚུར་ངོགས་ཤིག་རེད།།
མུན་པས་འཇབ་རྒོལ་བྱེད་དུས་ཤིག་རེད།།
སྤྲིན་དང་སྨུག་པ་འཐིབས་དུས་ཤིག་རེད།།
ཕལ་ཆེར་སྟོན་དགུན་གཉིས་ཀྱི་མཚམས་རེད།།
གློག་དང་དྲ་བ་མེད་དུས་ཤིག་ཡིན།།
ཟླ་འོད་མེད་པའི་དགོང་མོ་ཞིག་ཡིན།།
རླུང་དང་སེར་བུ་ཆེ་དུས་ཤིག་རེད།།
སྒོ་ཁའི་ལྕགས་ཟྭ་ཁྲོག་ཁྲོག་འགུལ་གི །
ཐུན་མཚམས་རྨི་ལམ་ཟ་ཟི་འཁྲིགས་བྱུང་།།
ཏིང་འཛིན་གཉིད་ལས་ཐོལ་གྱི་དཀྲོགས་བྱུང་།།
མགོ་བོ་ཡར་དགྱེ་ཀི་རིང་བཏབ་ནས།།
སིདྷི་སྒྲོལ་བསྙེན་ཅི་ དེ་ལས་མང་་་

བཅད་རྩོམ།

ཀ་མད་དབྱངས་ཀྱི་འཕག་འཚག

2021 ལོའི་ཟླ 11 ཚེས 24 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

༡ཀ༵་ཡེ་དར་ཅིག་གསོན་དང་རི་བོ་མཐོན་པའི་ཞབས་སུ་ཝེར་མ་འབོད་པའི་ཀི༵་ཞིག་གཏབ།།
ཁ༵་ལག་བསྐུམས་ནས་བསྡད་དེ་ཅི་བྱ་རྨོངས་ལས་སད་ཅིག་རིགས་ཞེན་ཁུ༵་བོའི་རྗེས་སུ་བསྙེག།
ག༵་ཤེད་དབྱར་མཐིལ་མཛེས་པའི་མེ་ཏོག་དྲི་ངད་འཐུལ་ཡང་ངེས་མེད་བད་ཀྱིས་གེ༵་སར་གཞོམ།།
ང༵་དང་གདོང་རྒྱུད་གཅིག་གི་ཤ་ལས་མཆེད་པའི་གངས་དཀར་རིག་པའི་ཁྱུ་ཚོགས་ངོ༵་ལ་བསྐུལ།།༢ཅ༵་ཅོའི་གཏམ་གྱིས་གཞན་འཕྱ་མི་སྨོད་བདེན་སྟོབས་རིགས་པའི་རྩལ་ཆེན་རྫོགས་ན་ཅི༵་མ་རུང་།།
ཆ༵་ལུགས་ངེས་མེད་བཀླུབས་ དེ་ལས་མང་་་

བཅད་རྩོམ།

ངས་ཁྱོད་ཚེ་ཕྱི་མར་བསྒུག

2021 ལོའི་ཟླ 11 ཚེས 24 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

ལས་དབང་ཞིག་གིས་འུ་གཉིས་བྲལ་སོང་རྒྱང་རིང་སེམས་ཀྱི་དྲན་འཛིན་ལགས༎
ཁ་ཕྱོགས་ཤིག་གིས་འུ་གཉིས་གྱེས་སོང་ཐག་རིང་སྙིང་གི་དགའ་རོགས་ལགས༎
ད་ལྟའི་དུས་ལ་ཡུལ་ཕྱོགས་གང་དུ་འཁོར་བའི་ཐང་ཆེན་བརྒལ་བཞིན་ཡོད༎
མངར་སྐྱུར་འཚོ་བ་ཇི་ལྟར་རོལ་ཡོད་ལུས་བདེ་སེམས་སྐྱིད་ཡིན་ནམ་མིན༎
ང་ནི་ཁྱོད་དང་བྲལ་ཉིན་དེ་ནས་ཉིན་རྒྱུན་རྟག་པར་ངུ་བཞིན་ཡོད༎
ངས་ནི་ཁྱོད་དང་གྱེས་ཉིན་དེ་ནས་ནམ་རྒྱུན་མིག་ཆུ་གཏོར་བཞིན་ཡོད༎
མིག་ཆུ་དེ་ནི་ལྐོག་གྱུར་ཡིན་རུང་སྙིང་ཁུང་ དེ་ལས་མང་་་

བཅད་རྩོམ།

ཚེ་སྲོག་གི་རིན་ཐང་འཚོལ་བ།

2021 ལོའི་ཟླ 11 ཚེས 24 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་ཏེ།།ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ།།དེ་ཡི་དབང་གི་ཤཱཀྱའི་བསྟན་པ་ནི།།འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར།།
ཞེས་ངག་ཚིག་དྲི་མེད་ཞིག་གི་མདུན་བསུས་ཏེ། གང་གླེང་བར་འདོད་པ་ནི་བདུན་གསུམ་དུས་རབས་བགྲོད་པའི་ཧྲག་བར་ནས་ཡོངས་ཁྱབ་འགྲོ་མའི་ཐོབ་ཐང་གོང་བཀུར་དང་།ཚེ་མེད་ཞི་བའི་ལམ་བཟང་དུ་བསྐྱོད་པའི་དུས་སྐབས་འདིར།ཉམ་ཐག་དུད་འགྲོ་དག་གི་མིང་རྟགས་ཚོད་ཐོ་ལས་བསུབ་ཐུབ་མེད་པའི་གནས་བབ་ཁྲོད།ཉམས་ དེ་ལས་མང་་་

བཅད་རྩོམ།

ཟིལ་བ་ཆགས་པའི་ལེའུ།

2021 ལོའི་ཟླ 11 ཚེས 22 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

བླ་འཛིན་བུང་བ་མཁའ་ལ་ལྡིང་། །
སྨུག་སྤྲིན་ཡོལ་བ་དལ་གྱིས་ནུབ། །
ཕྱོགས་མཐའ་ཉུལ་བའི་ཡུ་མོ་དེས། །
ཞེན་ཆགས་ནོམ་པ་ཤུལ་ཏུ་བཞག །
མགྲིན་པའི་གསེང་གི་འཇམ་མཉེན་དེས། །
རྩུབ་རེག་སྣང་བ་ཕྱོགས་སུ་འཕངས། །
སེམས་ཀྱིས་བཞེངས་བའི་སྣང་སྲིད་ལ། །
ཁྱོད་ཉིད་ཕེབས་པ་ལས་སྨོན་བཟང་། །
ཟ་ཟིས་བསླུས་པའི་འཁོར་བ་ལ། །
མི་འདོད་ཆར་ཆུས་དེད་ན་ཡང་། །
རྫ་ཁ་མི་གཅིག་འབྲོག་མོ་དེས། །
སེམས་པའི་འཁྱག་རྡུལ་ཞུ་བྱེད་ཡིན། །
ཆར་ཟིམ་ཟིམ་མའི་རྗེས་ཤུལ་ནས། །
འཇའ་ཚོན་དར་མའི་ཕུང་པོ་བཞིན། །
ནང་སེམས དེ་ལས་མང་་་

བཅད་རྩོམ།

ཁེར་རྐྱང་གི་ལམ་ཕྲན།

2021 ལོའི་ཟླ 11 ཚེས 22 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

མཚན་མོ་དེ་སྐར་ཚོགས་ཀྱི་འདུ་འགོད་ལངས་དུས།
ཁྱེད་ཀྱི་ཡིད་ཆེས་དེ་ཅི་འདྲའི་མཛའ་ཨང་།
མཚན་མོ་དེ་ཆུ་བོ་སྔ་ལྟར་བཞུར་དུས།
ཁྱེད་ཀྱིས་མ་འོངས་པའི་མྱུ་གུ་མགོ་ལྕོག་ལྡེམ་པར་མཐོང་།
མཚན་མོ་ཧ་ཅང་ལྷིང་འཇགས་ངང་བཞུགས་དུས།
ཁྱེད་ཀྱི་ནམ་མཁའ་མག་མོག་ཏུ་གྱུར།
དུས་ཚོད་ཀྱི་ཚག་སྒྲ་བར་མེད་དུ་སྒྲོག་དུས།
ཁེར་རྐྱང་གི་མིག་ཟུང་ཅི་འདྲའི་སྙིང་རྗེ་བ་ཞིག་མིན།
ལུས་སེམས་བྲེལ་ཟིང་གིས་ཁེངས་དུས།
རྨི་ལམ་གྱི་གཞིས་སུ་འཁོར་བའི།
བྱིས་བཙས་ཀྱི་སྟ་གོན་ཁེར་རྐྱང་ དེ་ལས་མང་་་

བཅད་རྩོམ།

རྒུད་པ།

2021 ལོའི་ཟླ 11 ཚེས 19 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

ཉི་འོད་འཁྱུག་པ་ཙམ་གྱིས་ན། ། རི་བོ་བསྐྱུར་ཏེ་མཚོ་ལ་འགྲུམ། ། གནའ་ཡི་ལོ་རྒྱུས་ལ་ཆགས་ཏེ། །མིག་གི་ཕྱེད་ཀ་རྒྱང་ལ་གཟིམ། ། སེམས་ཀྱི་རྙིད་པ་ནག་པོ་ཡང་། ། དག་ནི་སེམས་ཀྱི་སྦུབ་ཏུ་ལྕེབ། ། འུ་ཅག་ལུས་ཀྱི་སྟོན་ཁའི་ནང་། །མེ་ཏོག་སྣ་ཚོགས་ཁ་གཏད་དུ། ། སྒྱུ་མའི་མལ་དུ་ཅིས་ཅང་ལྷུང་། །ཉིན་མོའི་ཉི་འོད་ལ་སྐྲག་ཅིང་། །མཚན་མོའི་ཟླ་འོད་དེ་ལས་ནི། །དེ་བས་ཁུ་སིམ་ལ་ཞེན་བཞག །གསལ་བའི་རི་ཟོམ་དག་ཏུ་ན། ། འབྲ་བའི་སྤྲིན་པ་དོག་པོ་དག ། དེ་ལས་མང་་་

བཅད་རྩོམ།

དབེན་པའི་གནས།

2021 ལོའི་ཟླ 11 ཚེས 19 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

གསེར་འཛིན་བཀོད་ལེགས་པདྨའི་ཡང་སྟེང་དུ།། ཁྲ་ཚོམ་ཆུ་སྐྱེས་སྐར་ཚོགས་ཐང་མལ་བརྡལ།། རྩལ་ལྡན་གཤོག་ཐོགས་གཞོན་ནུའི་མགྲིན་པའི་རྔ།། དབེན་པའི་རི་ངོགས་འདི་རུ་ཡང་ཡང་ཟགས།།ཕྱོགས་བཞིའི་ལྗོན་པ་དཔལ་གྱི་དུམ་བུ་ལ།། སྣ་ཚོགས་འདབ་མའི་ཕྲེང་བ་བསྟར་ལ་བརྒྱུས།།
ཡིད་ཀྱི་དབང་པོ་འཕྲོག་པའི་དྲི་བསུང་གིས།། བདག་ཡིད་ཁྱེའུ་ཆུང་སུམ་རྩེན་ཡུལ་ལ་དྲངས།།ཁོ་ར་ཁོར་ཡུག་གཡུ་ཡི་མཎྜལ་ལ།། མཉེན་ལྕུག་རྐང་འཐུང་གཞོན་ནུས་གར་བྱེད་ཅིང་།། མཚར་སྡུག་འདབ་ཡངས་ཆུ་སྐྱེས་ལྡེམ་ལྡེམ་གཡོ།། ཨེ་མ་དབེན་ དེ་ལས་མང་་་

1 16 17 18 19 20 129