སེམས་ཀྱི་གསེར་མདུད་དམ་མོ།

                                                               གདོང་རྒྱལ།

བཀྲ་ཤིས་སྐྱེད་མོས་ཚལ་གྱི་དགའ་སྟོན་ལ་རོལ་བའི།།
མེ་ཏོག་རྐང་དྲུག་ལྟ་བུའི་སེམས་ཁོང་གི་ལྷ་ཆེན།།
མག་མོག་གར་སྟེགས་གླིང་གི་རྩ་ཆེན་གྱི་བདུད་རྩི།།
མེད་ན་མི་ཆོག་ཡོད་ན་ཡིད་བཞིན་གྱི་བང་མཛོད།།

རྟོག་པ་ཐེད་པོ་ཞིག་གི་ལས་སྣང་གིས་མྱོང་ཚུལ།།
ཀུན་གྱི་ཟེའུ་འབྲུ་ལྟ་བུའི་དགོས་འདོད་བཞིན་སྒོམ་སའི།།
འཇིག་རྟེན་སྒྱུ་མའི་ཁྲོད་ཀྱི་གསེར་མདོག་གི་བླ་མེད།།
ཀུན་ཏུ་བཟང་མོའི་ཐུགས་སྲས་སྒྲ་དབྱངས་ཀྱི་ལྷ་མའོོ།།

མི་རྟག་འཇའ་མཚོན་ཅོ་འདྲིའི་བུ་ཡུག་གི་མཚམས་ནས།།
བརྩེ་གདུང་རྣལ་མེད་ཅིག་གིས་མདུད་པ་ཞིག་བཅིངས་ཏེ།།
སྡུག་བསྔལ་རྒྱ་མཚོ་འདི་ལས་ཕར་རོལ་དུ་བརྒལ་བའི།།
ལས་དང་སྨོན་ལམ་བསླུ་མེད་དཀོན་མཆོག་ལ་བཅང་ཡོད།།

སྤྲེའུ་སྲས་གདོང་དམར་ཚང་གི་གཡེར་པོ་ཡི་བྱ་རྒོད།།
ཤེས་རིག་པདྨོའི་ཚལ་དུ་མཉམ་པོ་རུ་འཕུར་འགྲོ།།
སྦྲང་རྩི་ཧུབ་ཀྱི་འཐུང་བའི་གཉེན་སྟོན་ནས་དངར་དུ།།
ཤིས་པའི་མེ་ཏོག་ཚིག་གིས་མི་ཚེ་འདིར་སྤྲོ་ཨང་།།

མུན་པའི་ཚང་ཚིང་འཚུབ་པའི་ཨ་ཐང་གི་ལྗོངས་སུ།།
སྡིག་ཆུའི་ཐིག་པས་རླན་ན་འཁོར་བ་རུ་གྱུར་འགྲོ།།
དགེ་བའི་མེ་དཔུང་ཐབ་ཏུ་ཚིག་པོ་ཞིག་སྨིན་ཏེ།།
བྱང་ཆུབ་ལམ་ལ་སྦྱོར་པའི་སྨོན་ལམ་དེ་གདབ་ཆོག།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*