ཉི་ཟླ་ལྕགས་རིའི་འགྲམ་གྱི་སྙན་ཚིག་བདམས་བཀོད།
སྟོན་ཁ་བཞུད་རྗེས
ཁེར་རྐྱང་གི་རང་ཉིད་ལ་ཅི་ཞིག་ལྷག་ཡོད་དམ
འཚིག་དྲི་དྲོ་བའི་དྲན་པ་སྐོར་གཅིག
ཡང་ན་ལྷགས་རླུང་གིས་བསྒུལ་བའི་ཐ་སྙད་སྐོར་ཞིག
ད་དུང་མ་འོང་པ་ཟེར་བའི་ཐ་གུ་ནག་པོ་ཞིགཐ་སྙད་ཀྱི་ཚོགས་འདི་དག་རླུང་ལ་བསྐུར་རྗེས
རང་ཉིད་གཅིག་པུ་སྟོང་བསམ་གྱིས་ལུས
མཚན་མོའི་མེ་འོད་དང་ཉིན་མོའི་ཉི་འོད་ཀྱང་ཧ་ཅང་གྲང
མུན་པ་གཅིག་པུས་རྒྱང་བཞུད་ལ་སེམས་པ་འཁོརདྲན་པ་ཡོད་ཚད་མེ་རུ་སྦར་རྗེས
རང་ཉིད་གཅིག་པུ་ཁེར་ དེ་ལས་མང་་་
