སྤྲུལ་ལུང་རྟོགས་ལ་བསྟོད་པ་ཀ་ལིའི་ཕྲ་རྒྱན།
ཀ༵་ལ་པིང་ཀའི་འགྲིན་གྱིས་མི་འགྲན་ཁྱེད་གསུང་བརྗོད་མེད་ཡི་གེ་ཡིན།།
ཁ་ཟས་གོས་ཀྱི་དྲོད་ལ་མི་རེ་ཁྱེད་སྐུ་ཟག་མེད་འོད་ཕུང་ཡིན།།
ག་ཆད་མཚན་མའི་རླུང་བུས་མི་སྤུར་ཁྱེད་ཐུགས་སྐྱེ་མེད་ཆོས་སྐུ་ཡིན།།
ང་ཡི་སེམས་དང་རོ་གཅིག་བཞུགས་པའི་ངེས་དོན་བླ་མ་རྒྱལ་གྱུར་ཅིག།
ཅ་དག་ཡེ་གྲོལ་ནམ་མཁའི་གཤིས་འཛིན་ཀུན་ཁྱབ་ཐིག་ལེ་ཟླུམ་པོ་རུ།།
ཆ་བཞག་མི་མངའ་བཅིངས་པ་ལས་གྲོལ་རེ་དོགས་སྤང་བླང་གདོད་ནས་དག།
ཇ་ཐུག་ཟས་སོགས་ཡུལ་ལ་སྤྱོད་ཀྱང་འདོད་ཡོན་ དེ་ལས་མང་་་

