བོད་ཀྱི་རི་མོ་འབྲི་བའི་སྲོལ་དང་ཐང་ག་དར་ཚུལ།

   རིག་པའི་ཟླ་གཞོན། སི་ཁྲོན།

         ལོ་ངོ་ཉིས་སྟོང་གི་སྔ་རོལ་ཏུ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་བཞེངས་པའི་ཕོ་བྲང་ཡུམ་བུ་བླ་སྒང་གི་ཉེ་འདབས་ཀྱི་རྡོ་ཕོང་དང་བྲག་ངོས་ལ་རྒྱལ་པོ་གཉའ་བར་བཏེགས་ནས་ཁྲི་བྱས་ཤིང་། རྒྱལ་པོར་མངའ་གསོལ་བ་སོགས་ཀྱི་རི་མོ་དང་། དེ་རྗེས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བྲིས་པའི་ལྷ་ལྡན་གཙུག་ལག་ཁང་གི་ན་བཟའ་མ་བནབས་པའི་སྒྲོལ་མ་གཙོ་འཁོར་དང་། དག་པ་ལྕང་ལོ་ཅན་གྱི་ལྷ་ཁང་གི་ལྷོ་ངོས་ཀྱི་རྩིག་ངོས་སུ་བྲིས་པའི་གཙུག་ལག་ཁང་གསར་བཞེངས་སྐབས་ཀྱིས་ས་ཁྲའི་རི་མོ་སོགས་ནི་བོད་ཀྱི་རི་མོའི་ཐོག་མ་ཡིན་པར་གྲགས་མོད། འོན་ཀྱང་སྟོན་པ་གཤེན་རབ་ཀྱི་དུས་ནས་ལྷ་སྐུ་བཞེངས་པའི་སྲོལ་དར་ཡོད་པའི་བཤད་སྲོལ་ཡང་ཡོད།

ཐང་ག་ནི་ང་ཚོའི་མེས་པོ་ཚོའི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་གཟུགས་བཟོའམ་དབྱིབས་བཟོའི་རྣམ་པའི་རིགས་ཤིག་ཡིན་ལ། བཟོ་ལ་ལུས་བཟོ་དང་ངག་བཟོ་ད་དུང་ཡིད་བཟོ་སོགས་དང་། གཞུང་ལུགས་དང་མཚོན་བྱ་བཀོད་སྒྲིག དབྱིབས་གཟུགས་བཟོ་ཐབས་སོགས་ཕྱོགས་གང་ཐད་ནས་རང་རྐྱ་ཕེར་བའི་མཛེས་རྩལ་མ་ལག་ཅིག་ཡིན། ད་ལྟར་ཐང་གའི་བཟོ་ལུགས་བོད་རང་ཡུལ་ལས་གཞན་རྒྱ་གར་དང་བལ་བོ། ཕྱི་སོག བར་མ། སིང་ག་སོགས་སངས་རྒྱས་ཆོས་ལུགས་དར་བའི་རྒྱལ་ཁབ་མང་པོར་ཁྱབ་བརྡལ་བྱུང་བ་ཡོད་པར་མ་ཟད། འཛམ་གླིང་གི་སྔོན་ཐོན་རྒྱལ་ཁབ་མང་པོ་ཞིག་གིས་ཀྱང་ཞིབ་འཇུག་བྱས་དང་བྱེད་བཞིན་ཡོད་པ་རེད།

བླ་ཆེན་དགོངས་པ་རབ་གསལ་དང་ས་པཎ་ཀུན་དགའ་རྒྱལ་མཚན། བུ་སྟོན་ཐམས་ཅད་མཁྱེན་པ། རྗེས་ཙོང་ཁ་པ་ཆེན་མོ། ཕག་མོ་གྲུབ་པ་རྡོ་རྗེ་རྒྱལ་པོ་སོགས་ཀྱིས་སྔར་ཡོད་ཐང་གའི་འབྲི་ལུགས་འཛིན་སྐྱོང་སྤེལ་གསུམ་མཛད་ཅིང་། དུས་རབས་བཅུ་བཞི་པའི་ནང་སུ་བོད་ལ་བཀའ་དྲིན་ཆེ་བའི་ལྷོ་བྲག་སྨན་ཐང་པ་དང་མཁྱེན་བརྩེ་ཆེན་པོ་རྣམ་གཉིས་ཀྱིས་བོད་བཟོ་རང་རྐྱ་ཕེར་བའི་སྨན་མཁྱེན་རྣམ་གཉིས་ཀྱི་ལུག་ཏེ། འབྲི་རྒྱུན་རྣམ་པར་བཀྲ་ལ་གཞུང་ལུགས་ཕུན་སུམ་ཚོགས་པའི་སྨན་ལུགས་ཀྱི་སྲོལ་བཏོད་པས། བོད་རིས་ཀྱི་ཤིང་རྟའི་སྲོལ་འབྱེད་དུ་གྲགས་སོ། དེའི་རྗེས་སུ་ཀརྨ་པ་རིམ་བྱོན་གྱིས་སྲོལ་གཏོད་པའི་ཀརྨ་སྒར་བྲིས་དང་། སི་ཏུ་ཆོས་འབྱུང་གི་སྒར་ལུགས་གསར་མ། གྲུབ་མ་ཕུར་བ་ཚེ་རིང་གི་སྨན་གསར་སོགས་བཟོ་རིག་པའི་གྲུབ་མཐའ་མང་པོ་བྱུང་བ་དང་། གཞན་ཡང་དབུས་བྲིས་ད་ང་ཁམས་བྲིས། སྨད་བྲིས༼  དེང་སྐབས་རེབ་གོང་སྒྱུ་རྩལ་ཞེས་གྲགས ༽ སོགས་བྱུང་བ།

ཐང་གར་དབྱེ་བ་མང་པོ་ཞིག་ཡོད་དེ། མཚོན་ཐབས་ཀྱི་ཐ་ནས་སྐྱ་ཐང་དང་ཚོན་ཐང་། ནག་ཐང་། གེེར་ཐང་། གོས་ཐང་། མུ་ཏིག་གི་ཐང་ག འབུར་ཚུགས་ཅན་གྱི་ཐང་ག ལྡེབས་བྲིས་སོགས་ཡོད། ནང་དོན་གྱི་ཆ་ནས་སྟོན་པའི་འཁྲུངས་རབས་དང་ཉེ་བའི་སྲས། རྒྱལ་བློན་འབངས་འཁོར། དུས་རབས་རིམ་བྱོན་གྱི་སྐྱེས་ཆེན་དམ་པ། ཆོས་སྐྱོང་སྲུང་མ་སོགས་ཡོད་དོ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*