འདྲི་རྟགས་མོད་པའི་ནད་རིམས།

གྱིན་འདའ་བ། ཁྲི་འདུ། 

ཁུངས་བརྟན་བརྟན་ཞིག་གང་ཡིན་མེད་ཅིང་།།
མི་མང་མང་ལ་འགོས་ཁྱབ་མྱུར་བའི།།
བློ་བློང་བློང་གི་སྙིགས་དུས་འདི་གའི།།
ནད་ཚ་ཚ་འདི་ཆེད་དོན་ཅི་རེད།།

ཚ་རེག་རེག་གི་འགོག་ཁབ་སྣོན་ཡང་།།
ལྐོག་སུད་སུད་ནས་མཐར་གྱིས་ཆེད་དེ།།
ཡུན་རིང་རིང་གིས་དུས་ཚོད་འདས་རུང་།།
རྟགས་གསལ་གསལ་ཞིག་མེད་དོན་ཅི་རེད།།

གྲོང་ག་གེ་ནས་བགས་ཀྱིས་དྲག་ཀྱང་།།
ལྗོངས་ལ་ལ་ནས་ཟུལ་གྱིས་ཆེད་པ།།
ནད་གསར་གསར་འདིའི་འགྲས་པ་ཡིན་ནམ།།
མི་ཆེ་ཆེ་ཚོས་གཙེས་པ་ཡིན་ནམ།།

ཞེ་དངངས་དངངས་ཀྱི་ནད་རིམས་འདི་ལ།།
སྨན་ཏིག་ཏིག་གི་གཉེན་པོ་མེད་ཅིང་།།
དོགས་ལྷང་ལྷང་གིས་ནར་མར་གཙེས་པ།།
ལས་བདེན་བདེན་གྱི་རྣམ་སྨིན་ཨེ་རེད།།

འུར་ཟིང་ཟིང་གི་གྲོང་ཁྱེར་དག་ཏུ།།
ཁྲ་ཆེམ་ཆེམ་གྱི་སྐྱོབ་འཁོར་འོག་ནས།།
གོས་དཀར་དཀར་གྱི་སྨན་ཞབས་དེ་ཚོ།།
བྲེལ་འཚུབ་འཚུབ་ཀྱིས་འདུ་དོན་ཅི་རེད།།

སེམས་བན་བུན་གྱི་ནད་པ་ཀུན་ཀྱང་།།
དབེན་སང་སང་དུ་ལོག་བཀར་བསྡད་རུང་།།
མགྲོན་མང་མང་ཞིག་ད་དུང་འདུར་བར།།
བཀའ་ནན་ནན་གྱི་འགོག་སྲུང་མེད་དམ།།

དོན་ཆུང་ཆུང་གི་བྱ་གཞག་ཆེད་དུ།།
ཉེན་ཆེ་ཆེ་ཡི་གྲོང་ཁྱེར་མི་ཉུལ།།
དལ་ལྷོད་ལྷོད་ཀྱིས་སྔོན་འགོག་བྱས་ན།།
མི་མང་མང་གི་བདེ་སྲུང་ཡིན་ནོ།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*