བཅད་རྩོམ།

ལས་སྐལ།

2023 ལོའི་ཟླ 8 ཚེས 24 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

མེ་ཏོག་དཀར་སེར་དམར་ལྗང་།།
ཆུ་དང་དྲོད་ཀྱིས་གསོས་ཡོད།།
བརྩེ་བ་ཤ་འདྲིས་པགས་འདྲིས།།
སེམས་དང་སེམས་ཀྱིས་གསོ་དགོས།།

ཉི་མ་མཁའ་ནས་ཤར་བྱུང་།།
འོད་ཟེར་ས་གཞིར་འཕྲོས་བྱུང་།།
མེ་ཏོག་འདབ་མ་གྲོལ་བྱུང་།།
སྐྱི་སེར་ལྡང་བ་མ་གནང་།།

ཁ་ཆད་སེམས་ལ་སྦས་ཡོད།།
དམ་བཅའ་ཡིད་ནས་བཞག་ཡོད།།
འཇིག་རྟེན་ལས་ཀྱི་བདག་པོ།།
མི་འདོད་གཏོང་བ་མ་གནང་།།

རང་ལ་འདོད་པ་ཇི་བཞིན།།
མི་ལ་འདོད་པ་ཡིན་པས།།
ལས་དབང་མེད་ཀི་མ་གསུང་།།
མིག་ཆུ་གཙང་བོར་འདྲེས་འགྲོ།། དེ་ལས་མང་་་

བཅད་རྩོམ།

རིག་པའི་སི་བོད་གླིང་།

2023 ལོའི་ཟླ 4 ཚེས 26 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

བཅུ་ཕྲག་རིག་པའི་གཞུང་ལུགས་སྔོན་བྱོན་མཁས་པའི་བློ་ལས་བྱུང་། །
རིག་གཞུང་རྒྱ་མཚོར་འཇུག་པའི་དགེ་རྒན་དམ་པ་འདི་རུ་བཞུགས། །
རིག་གཞུང་ནམ་མཁའི་ནོར་བུ་འཛིན་པའི་གདུལ་བྱའི་སྒྲོན་མེ་ཉིད། །
མ་ཡུམ་སི་བོད་གླིང་གི་དགེ་བའི་བཤེས་གཉེན་རྣམ་པར་འདུད། །
གཅིག་དགུ་གྱ་གཅིག་དུས་ཀྱི་སྐལ་བ་བཟང་བོའི་ཉི་འོད་རྒྱས།།
མཆོག་སྤྲུལ་ཐུབ་བསྟན་ཉི་མའི་གཙོས་པའི་དབུ་ཁྲིད་དག་གིས་དྲིན། །
བོད་ཡིག་སློབ་གྲྭ་སྡེ་དགེའི་རྫོགས་ཆེན་གནས་སུ་ཆགས་མཛད་ཏེ། །
གཟི་འོད་ཕྱོགས་བཞིར་འགྱེད་པའི་རིག་པའི་གླིང་ཀ་དེ་ནས་ཆགས། ། དེ་ལས་མང་་་

བཅད་རྩོམ།

བདེ་ལེགས་ཤིགས།

2023 ལོའི་ཟླ 4 ཚེས 25 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

གཅིགའགྲོས་གོམས་ལག་དགུ་བརྒྱའི་ཚོམས་ནས་རབ་བགྲོད་པའི།།
དྲུག་ཅུ་སློབ་གཞོན་ལང་ཚོ་རྒྱས་པའི་མདུན་བསྐྱོད་པ།།
དབྱར་ཟླ་དྲུག་པར་སི་བོད་དགའ་ཚལ་གླིང་འདི་ནས།།
བགྲང་བྱ་ལོ་གསུམ་བསྐལ་བ་ཕྱིན་པར་བདེ་ལེགས་ཤིག །

གྱེས་ཁའི་སྣང་བ་མཁའ་ཡི་སྤྲིན་པར་སྤྲུལ་དུས་སུ།།
མཐར་ཕྱིན་མེ་ཏོག་རྒྱ་ལྕང་ཡལ་ག་རུ་འཁྱུད་དུས།།
རིག་པའི་སྦྲང་རྩི་གཉེར་བའི་སྐལ་བཟང་དྲི་མེད་པ།།
ཨེ་མ་དེ་རིང་འདི་ནས་བྲལ་བ་བདེ་ལེགས་ཤིག །

སི་བོད་ཕོ་བྲང་དཀར་དམར་ཀུན་དགའ་ར་བ་ཡི།། དེ་ལས་མང་་་

བཅད་རྩོམ།

གྲོགས་པོ།

࿑ གྲོགས་པོ།་ཡུལ་གྲོགས་མཁའ་ཁྱབ་རྡོ་རྗེ་ལ་བྲིས་པ།
སྔོན་གྱི་ཉེར་ལེན་གང་གིས་མཐུ་ཡིས་ནི།།
ངེད་གཉིས་སྡེ་པ་གཅིག་ལ་ལྟེ་ཁྲག་འཐོར།།
དེའི་ཡང་མ་ཚད་ཕན་ཚུན་སེམས་སུ་ནི།།
སྐད་ཆ་གློད་དེ་སེམས་གཏམ་ཉར་སར་གྱུར།།
ལས་ཀྱིས་བརྐོས་པའི་རི་མོ་མ་གཅིག་པས།།
ང་ཅག་མཚར་སའི་སྐྱེད་ཚལ་སོ་སོར་གྱེས།།
སེམས་གཏམ་མང་པོ་ལོ་ཟླས་བསྲེགས་ནའང་།།
གདུང་བ་ཁོག་ལ་མིད་ལས་བྱ་ཐབས་གང་།།
ལོ་ན་གཞོན་པའི་སྣང་བ་མཐོན་པོ་ཡིས།།
རྟོགས་པ་སད་པའི་ང་རོ་འདོན་ནའང་།། དེ་ལས་མང་་་

བཅད་རྩོམ།

བརྗེད་པར་མེད་པའི་མི།

མགོ་རྙོག་མང་པོའི་འཁོར་བའི་གཏིང་རིང་ནས།།
འཇིག་རྟེན་འདི་ཡིས་བྲོ་བ་མྱོང་དགོས་པས།།
བློ་གཏད་བྲལ་བའི་མི་ངས་ཞེ་སེམས་འདིའི།།
དྭངས་པའི་སེམས་རྒྱུ་གཙང་མ་ཁྱོད་ཀྱིས་ཁྱེར།།
ཁྱོད་ཀྱིས་ངོམ་པའི་གཞོན་གྱི་ལོ་ཟླ་དེ།།
སུ་དང་མཉམ་དུ་བསྐྱལ་བ་བློ་གཏད་བྱས།།
དྲི་ཡིས་མ་གོས་ལང་ཚོ་གཙང་མ་དེ།།
སུ་ལ་ཕངས་མེད་བསྟབས་པ་དམ་བཅའ་བཞག།
ལྷད་མེད་བཅོས་མེད་སྐྱིད་ཀྱི་ཕྱེད་ཀ་དེ།།
དོན་དམ་བདེན་པར་སྨྲ་ན་སུ་ལ་སྟེར།།
ཆཊ་དགའ་གཉིས་ཀྱི་མཐར་གཏུཊ་དྲན་པ་རུ།། དེ་ལས་མང་་་

ལྷུག་རྩོམ།

ཁྱེད་གཤེགས་པ་སྔ་སོང་།

ས་འཁྱག་གི་མཐོ་སྒང་ལ་དགུན་ལྷགས་ཀྱི་གྲང་རླུང་ལྡང་དུས། ཁྱེད་ནི་ཕྲན་གྱི་སེམས་ནང་ནས་བོར་མ་མྱོང་བའི་མེ་ལྕེ་དེ་ཡིན་ལ། ཤེས་རབ་ཀྱི་མེ་སྟག་ལ་བསིལ་རླུང་གི་ངར་ཁ་བསྐྲུན་དུས། ཁྱེད་ནི་གཏན་དུ་ནང་སེམས་ལ་བཞུགས་བཞིན་པའི་སློབ་དཔོན་དེ་ཡིན།
ཁྱེད་ནི་མཐོ་སྒང་གི་ཡང་རྩེ་ནས་འཁྲུངས་ཤིང་། ཡང་མཐོ་སྒང་གི་ཡང་རྩེ་ནས་དལ་གྱིས་བཅོམ་ཟིན་པའི་མེ་ཏོག་རྐང་ཅིག་ནང་བཞིན་བཞུད་པ་ནི་ཇི་འདྲའི་རླབས་ཆེ་བ་ལའང་། ཁྱེད་ཀྱི་སྙན་ངག་ལས་ཐོན་པའི དེ་ལས་མང་་་

བཅད་རྩོམ།

དགེ་བྷེའི་གཞས་ཚིག་ནང་ན

2023 ལོའི་ཟླ 2 ཚེས 21 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

དགེ་བྷེའི་གཞས་ཚིག་ནང་ན་ཕ་རྒྱུད་སྤྲེལ་ལས་ཆད་པའི་བྱང་སེམས་ཆེན་མོའི་སེམས་བསྐྱེད་ཡོད།།
དགེ་བྷེའི་གཞས་ཚིག་ནང་ན་མ་རྒྱུད་བྲག་སྲིན་ཟེར་བའི་སྒྲོལ་མ་དཀར་མོའི་རྣམ་སྤྲུལ་ཡོད།།
དགེ་བྷེའི་གཞས་ཚིག་ནང་ན་གངས་ཀྱི་མཐའ་མཚམས་བསྲུང་བའི་མི་རིགས་ཤིག་གི་གཏམ་རྒྱུད་ཡོད།།
དགེ་བྷེའི་གཞས་ཚིག་ནང་ན་མ་ཉམས་དགུང་དུ་འཕྱུར་བའི་བོད་པ་ཚང་གི་སྲོལ་རྒྱུན་ཡོད།།
དགེ་བྷེའི་གཞས་ཚིག་ནང་ན་བཙན་པོའི་རྡོ་རུ་བྲིས་པའི་མཛད་རྗེས་གསེར་གྱི་ཐང་མ་ཡོད།།
དགེ་བྷེའི་གཞས་ཚིག་ནང་ དེ་ལས་མང་་་

སྐུ་པར།

སྐུ་གདུང་རིན་པོ་ཆེ་ཞུགས་འབུལ།

2023 ལོའི་ཟླ 2 ཚེས 16 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

༄༅། །སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༢ ཚེས་ ༡༦ ཉིན་འཕགས་ཡུལ་ངོར་མ་དགོན་དུ་༸སྐྱབས་མཆོག་བདེ་བར་གཤེགས་པ་ཀླུ་ལྡིང་༸མཁན་ཆེན་རྡོ་རྗེ་འཆང་གི་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གནང་སྐབས་ཀྱི་སྐུ་པར་འགའ་ཞིག དེ་ལས་མང་་་

ལྷུག་རྩོམ།

རང་ཉིད་ཀྱིས་རང་ཉིད་གླེང་བའི་ཚིག

ཏིག་ཏིག་གི་སྒྲ་ཞིག་སྔས་མགོ་རུ་གྲགས། སྣང་བ་དྭངས་ལ་མི་དྭངས་བའི་ཁྲོད་དུ་ཁ་པར་ཡོད་སའི་ཕྱོགས་ལ་ལག་པ་སྲིང་། དེ་ནས་རང་ཉིད་ཀྱིས་མདང་གི་རྨི་ལམ་ལ་ཕྱི་འདང་ཞིག་རྒྱག ཅི་དྲན་མེད་པའི་གནས་སུ་ལུས་ནས་ལུས་པོ་ཙོག་པུར་སྡོད། གློ་རྡེག་ཏུ་སེམས་ལ་ཐོགས་པ་ནི་འཕྲིན་པ་ཞིག་གྱུར། དེ་ཡང་ཞོགས་པའི་སེམས་འཕྲིན་དུ་བསམ་ནས་བྲེལ་བྲེལ་ཚུབ་ཚུབ་ཀྱིས་འབྲི་སྙིང་བྱུང་། ཚོར་བའི་ལྷན་ཐབས་ཤིག་སྟེ་ཡུན་རིང་གི་དྲན་སྣང་དུ་ཉར་བ་དེ་དག་སེམས་ དེ་ལས་མང་་་

བཅད་རྩོམ།

སེམས་ངོས་སུ་རྒྱུ་བའི་སྙན་ངག

2023 ལོའི་ཟླ 1 ཚེས 25 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

རབ་མཛེས་ལྟ་བས་མི་ངོམ་ཞིང་།།
རབ་སྙན་ངག་གི་དཔལ་རྫོགས་པ།།
རབ་མྱུར་ཤེས་རབ་མཆོག་རྩོལ་མ།།
རབ་དང་ཡིད་ཀྱི་པད་མོར་བཞུགས།།
མཚོ་ཉམས་དགའི་རྦ་རླབས་དལ་གྱིས་འགུལ།།
བྱ་ངང་ངུར་མང་པོའི་འཕུར་ཞིང་ལྡིང་།།
མཐའ་ནགས་ཀྱི་ལྗོན་བཟང་དྲི་མས་ཁྱབ།།
གནམ་སྔོན་པོ་ཐང་དུ་ཟགས་འདྲ་བའི།།
མཚོ་སྔོན་པོའི་མེ་ལོང་ཞལ་དཀྱིལ་དུ།།
མདོག་ཁ་དོག་འཇའ་ལས་རབ་མཛེས་པའི།།
ཕྱི་འདབ་མའི་སྒྲོ་དེ་སྡུ་གུར་བཀྲ།།
ནང་ཟེའུ་འབྲུ་དམར་སེར་འཇམ་པའི་སྟེང་།།
ལྷ་དབྱངས་ཅན་འཛུམ་པའི་ངང་ཚུལ་ཅན།། དེ་ལས་མང་་་

བཅད་རྩོམ།

སྒོ་མོ་ཆེ་འདིས་ཐེངས་གཅིག་བསྒྲིབས།

2023 ལོའི་ཟླ 1 ཚེས 25 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

ཡལ་ག་འཁྱོག་པོའི་བར་ན་ཉི་ཐིག་གི།།
སྐུད་ཐག་འཐེན་པའི་ཕྱི་ནང་བར་གསུམ་དུ།།
ནགས་ཀྱི་སྒེག་མོའི་ཐུ་བ་སྤྲུགས་པ་དང་།།
དྲོད་རླུང་འཇམ་པོའི་རལ་བས་གཡོག་པར་མངོན།།
སྐབས་རེར་ཉམས་ཀྱི་ན་བུན་འཕྱུར་བ་དང་།།
ལས་སྣང་སྨུག་པའི་ཡོལ་བ་རུབ་པ་ན།།
ཤི་གསོན་རི་དྭགས་འདུས་པའི་ཐང་སྟོང་དུ།།
མྱ་ངམ་བཤུལ་རིང་བཅད་པའི་བག་མ་ཚོས།།
རེ་དོགས་ཨེ་ཡིན་སྙམ་པའི་སླེ་བོ་གཅིག།
སྡུག་ཡུས་ཨེ་ཡིན་སྙམ་པའི་ལྕི་བ་གཉིས།།
སྣང་མུན་དྲྭ་བའི་མཚམས་ཀྱི་ལྷས་འདབས་སུ།། དེ་ལས་མང་་་

བཅད་རྩོམ།

ཐེངས་ཤིག་མཐོང་བའི་ཁྱོད།

2023 ལོའི་ཟླ 1 ཚེས 25 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

ལམ་གྱི་གཡས་དང་གཡོན་ན།།
མུན་པ་རབ་རིབ་མག་མོག།
འཛུམ་ཆུང་ཀེམ་ཀེམ་དགོད་པའི།།
ཁྱོད་རང་ལམ་འགྲམ་གན་ན།།
ཁེར་རྐྱང་ཀེར་ཀེར་འདུག་པ།།
ང་ཡི་སྙིང་གི་མཁའ་ལ།།
དལ་ཅིག་མེ་ཏོག་བཞད་པ།།
སྙིང་རྩ་ཐག་ཐག་འགུལ་བྱུང་།།
ཁྱོད་ཀྱི་གདོང་ལ་བབས་པའི།།
ང་ཡི་མིག་ཟུང་གོར་གོར།།
ཡང་ཡང་ཁྱེད་ཀྱི་བཞིན་ལ།།
ཆར་བ་ཐང་ལ་བབས་འདྲ།།
ལན་མང་འཐོར་བའི་རི་མོ།།
ཁྱོད་ལ་བག་ཆགས་ཕྲན་བུ།།
སེམས་ཀྱི་པདྨོའི་འདབ་མར།།
ཟིལ་བ་ཐར་ཐོར་འདུག་གམ།།
དགུན་ཁ་འདི་ནས་འཕྲད་པ།། དེ་ལས་མང་་་

གསར་འགྱུར།

སྐུ་གདུང་རིན་པོ་ཆེ་གདན་འདྲེན།

2023 ལོའི་ཟླ 1 ཚེས 10 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

༄༅། །༸སྐྱབས་མཆོག་བདེ་བར་གཤེགས་པ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་གདུང་རིན་པོ་ཆེ་གནས་མཆོག་རྡོ་རྗེ་གདན་ནས་དེཧ་རཱ་དཱུན་དུ་དམིགས་གསལ་གནམ་གྲུ་བརྒྱུད་དེ་གདན་འདྲེན་ཞུས་པ་དང་དེ་ནས་མགོན་པོ་གང་གི་གདན་ས་ཆེན་པོ་མཎྜུ་ཝཱ་ལཱ་ངོར་མ་དགོན་དུ་ཕེབས་བསུ་ཞུས་འདུག
ད་ལན་ཕེབས་བསུ་འདི་རྒྱ་གར་གྲོས་ཚོགས་འཐུས་མི་ལ་དྭགས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་ནས། གནམ་གྲུའི་གོ་སྒྲིག་དང་། དེ་མཚུངས་ཕེབས་ལམ་སྲུང་སྐྱོབ་དང་སྟངས་ དེ་ལས་མང་་་

བསྟོད་ཚོགས།

བྲག་གཡབ་བློ་གྲོས་མཆོག་ལ་བསྟོད་པ་མི་ཟད་ཆུ་གཏེར་རྒྱ་མཚོ།

2022 ལོའི་ཟླ 12 ཚེས 27 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

ན་མོ་གུ་རུ་མཉྫུགྷོ་ཥཱ་ཡ།
བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །
ཆོས་ཀྱི་རྒྱལ་པོ་འགྲོ་བ་དུ་མའི་མགོན། །
གདུལ་བྱའི་དོན་དུ་བྲག་གཡབ་ས་སྐྱའི་ཁོངས། །
རབ་བྱུང་བཅོ་ལྔའི་མེ་སྤྲེལ་ར་བ་རུ། །
ལྷུམས་སུ་བཞུགས་པར་མཛད་ལ་ཕྱག་འཚལ་ལོ། །
ཆིག་སྟོང་བརྒྱད་བརྒྱ་དྲུག་ཅུ་རེ་དྲུག་ལོར། །
དབུ་ཡག་གྲོང་དུ་བལྟམས་པ་ནས་བཟུང་ནས། །
ཡུལ་དེར་བཀྲ་ཤིས་དགེ་བའི་རྟགས་བྱུང་པ། །
བློ་ལྡན་ལོ་ཆུང་ཁྱེད་ལ་ཕྱག་འཚལ་ལོ། །
གཞོན་ནུའི་དུས་སུ་བློ་གསལ་དྲན་ཤེས་བརྟན། །
ཞལ་ལྕེ་བདེ་ དེ་ལས་མང་་་

གསར་འགྱུར།

གསུང་འབུམ་འགྲེམ་བརྡ།

2022 ལོའི་ཟླ 12 ཚེས 19 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

གུས་པ་འོས་པའི་ཀློག་པ་པོ་དང་དགོན་སྡེ་དག་ལ་ཞུ་བྱ། ད་ལན་དཔལ་སྡེ་དགེ་དགོན་ཆེན་ལྷུན་གྲུབ་སྟེང་གི་མཁན་ཆེན་རྡོ་རྗེ་འཛིན་པ་ངག་དབང་བསམ་གཏན་བློ་གྲོས་མཆོག་གི་རྣམ་ཐར་རྒྱས་པ་དང་། མཁན་རྒན་མཆོག་གི་གསུམ་འབུམ་པོད་བཞི་བཅས་ད་སྐབས་དངོས་སུ་པར་སྐྲུན་འགྲེམས་སྤེལ་ལ་ཉེ་ཡོད། ང་ཚོས་སྔོན་ནས་དགོས་མཁན་གྱི་གྲངས་དང་བསྟུན་ཏེ། གསུང་འབུམ་གྱི་གྲངས་ཀ་ཡང་དེ་ལུགས་ལྟར་དཔར་ངེས་ཡིན་པས། དགོས་མཁན་དག་གིས་ད་ལྟ་ནས་འབྲེལ་བར་གནང་རོགས། དེ་ལས་མང་་་

1 8 9 10 11 12 129