ཁྱེད་གཤེགས་པ་སྔ་སོང་།

ཆོས་ཉིད་དབང་མོ།༼ཡིད་ལྷུང་།༽

ས་འཁྱག་གི་མཐོ་སྒང་ལ་དགུན་ལྷགས་ཀྱི་གྲང་རླུང་ལྡང་དུས། ཁྱེད་ནི་ཕྲན་གྱི་སེམས་ནང་ནས་བོར་མ་མྱོང་བའི་མེ་ལྕེ་དེ་ཡིན་ལ། ཤེས་རབ་ཀྱི་མེ་སྟག་ལ་བསིལ་རླུང་གི་ངར་ཁ་བསྐྲུན་དུས། ཁྱེད་ནི་གཏན་དུ་ནང་སེམས་ལ་བཞུགས་བཞིན་པའི་སློབ་དཔོན་དེ་ཡིན།

ཁྱེད་ནི་མཐོ་སྒང་གི་ཡང་རྩེ་ནས་འཁྲུངས་ཤིང་། ཡང་མཐོ་སྒང་གི་ཡང་རྩེ་ནས་དལ་གྱིས་བཅོམ་ཟིན་པའི་མེ་ཏོག་རྐང་ཅིག་ནང་བཞིན་བཞུད་པ་ནི་ཇི་འདྲའི་རླབས་ཆེ་བ་ལའང་། ཁྱེད་ཀྱི་སྙན་ངག་ལས་ཐོན་པའི་སྙན་ཆ་རེ་རེ་ནི་ང་ཚོའི་གཏན་ནས་དྲན་དཀའ་བའི་ཚིག་འབྲི་རེ་རེ་ཡིན་ལ། ཁྱེད་ཀྱི་མི་ཚེ་ནི་མི་རིགས་ཀྱི་ཆེད་དུ་གསོན་པའང་རླབས་ཆེ་བ་ལའང་། ཁྱེད་ནི་འདས་མ་ད་གསུམ་མཁྱེན་པའི་རྣམ་དཔྱོད་པ་ཞིག་ཅི་ལ་མིན།

ང་ནི་ཁྱེད་ཀྱི་ལོ་རྒྱུས་དང་སྙན་ངག་གི་ཁྲོད་ནས་ཁྱེད་ཉིད་མཇལ་འཕྲད་བྱུང་ལ། ཁྱེད་ཀྱི་གསེར་ལྟར་དཀོན་པའི་བསླབ་བྱའི་འོག་ནས་གོ་རྟོགས་བྱུང་། ཁྱེད་ཉིད་གཤེགས་པ་སྔ་དྲག་པས་སམ། ཡང་ན་ཁྱེད་ཉིད་རླབས་ཆེ་བའི་རྐྱེན་གྱིས་ཁྱེད་ཀྱི་མཚན་ནི་ད་དུང་འཇིག་རྟེན་གྱི་གྲོང་ནས་ཁྱབ་བཞིན་ཡོད། མཁས་པ་ཚོས་གསུང་པ་ལྟར། མི་ལ་ལ་འཆི་བ་ནི་རི་བོ་ལས་ལྕི་ལ། མི་ལ་ལ་གནས་པ་ནི་འཆི་བ་དང་མཚུངས་ཟེར་ནི་ཅི་འདྲའི་གདམ་ངག་གཏིང་ཟབ་པ་ལའང་།
ང་ལ་མཚོན་ན་ཁྱེད་ནི་གཏན་དུ་བཞུགས་པའི་སློབ་དཔོན་དམ་པ་དེ་ཡིན་པ་ལ། ཁྱེད་ནི་རྟོགས་དཀའ་བའི་ཤེས་རིག་ལ་ལམ་སྟོན་ཀྱི་འོད་སྣང་སྩོལ་མཁན་དེ་ཡིན། ཁྱེད་གཤེགས་པ་སྔ་དྲག་སོང་།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*