མངོན་དགའ་སློབ་གྲྭར་འཁྲུངས་སྐར་སྲུང་བརྩི་གནང་འདུག

སྡེ་ར་ལྡུན་མངོན་དགའ་༼དམིགས་བསལ་དགོས་མཁོ་ཅན་༽གྱི་སློབ་གྲྭ་རུ། ༧ རྗེ་བཙུན་མ་ཀུན་དགའ་དཔལ་གཏེར་མཆོག་དང་། བདག་མོ་སྐལ་ལྡན་སྒྲོན་སྐྱིད་མཆོག་རྣམ་གཉིས་མངོན་དགའ་སློབ་གྲྭར་དྲངས་ཏེ། ༧ གོང་མ་ཁྲི་ཆེན་མཆོག་གི་འཁྲུངས་སྐར་མཛད་རིམ་སྲུང་བརྩི་ཞུས་པར་དང་སློབ་མ་རྣམས་ལ་ལག་རྟགས་ཆུང་ཡང་སེམས་པའི་ཁྱད་ཅེས་གཏམ་དཔེ་ལྟར་ལེགས་སྐྱེས་ཀྱི་གསོལ་རས་བསྩལ་གནང་བ་དང་། དེ་བཞིན་དུ་དགེ་སློབ་ཡོངས་ལ་གསོལ་ཇ། གསོལ་ཚིགས། མཛད་སྒོ་ཡོ་ཆས་ཆ་ཚང་གི་མཐུན་རྐྱེན་སྦྱར་བ་དང་། སློབ་མ་རྣམས་ནས་ཀྱང་དགའ་དད་སྤྲོ་གསུམ་མཚོན་པའི་གཞས་དང་ཞབས་བྲོ་རྒྱག་པ་སོགས་ཀྱི་དགའ་སྟོན་དང་རྩེད་མོ་སོགས་ལ་རོལ་ཏེ་དགའ་སྤྲོའི་ངང་མངོན་དགའ་སློབ་གྲྭར་འཁྲུངས་སྟོན་ཞུས་གནང་འདུག

 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*