མི་མང་ལ་ནང་ཆོས་ངོ་སྤྲོད།

༧ སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་གིས་རྫོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས་གཙུག་ལག་སློབ་གཉེར་ཁང་གི་ཉེ་འཁོར་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་གི་སློབ་མ་ཡོངས་ལ་དམིགས་ནས་ནང་པའི་ལྟ་གྲུབ་དང་ནང་ཆོས་ཇི་ལྟར་ཉམས་ལེན་དགོས་ཚུལ་སོགས་ཀྱི་ནང་ཆོས་ངོ་སྤྲོད་སྤྱི་ཟླ་བརྒྱད་པའི་ནང་དུ་གནང་ཡོད་པ་མ་ཟད།  ད་རན་ཐེངས་གཉིས་དེ་ཡང་སྤྱི་ཟླ་དགུ་པའི་ནང་དུ་རྫོང་གསར་བཤད་གྲྭའི་སློབ་སྤྱི་མཁན་རིན་པོ་ཆེ་བསམ་འགྲུབ་མཆོག་ནས་ནང་ཆོས་ངོ་སྤྲོད་ཀྱི་གསལ་བསྒྲགས་སྔོན་སོང་བཞིན་རེད་འདུག 
དེ་བཞིན་དུ་ཕྱི་ལོ༢༠༡༨ བོད་ཟླ་༨ ཚེས་༡ ཉིན། ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་དགུང་གྲངས་དོན་བཞིའི་འཁྲུངས་སྐར་དུས་ཆེན་ཉིན། དབུས་ས་སྐྱའི་སྨོན་ལམ་ཐེབས་རྩ་ཁང་གི་གོ་སྒྲིག་ཞུས་ཏེ། དཱེ་ར་དཱུན་བདེ་སྐྱིད་གླིང་པོ་ཏ་ལའི་ཚོགས་ཁང་དང་། དཔལ་ལྡན་རྫོང་པའི་གདན་ས་གོང་དཀར་ཆོས་སྡེའི་ཡན་ལག་གོང་དཀར་ཚེ་སྒྲུབ་ལྷ་ཁང་དུ། མི་མང་དང་ལྷན་དུ་ཞབས་བརྟན་གསོལ་འདེབས་གསོག་སྒྲུབ་དང་། མཁན་ཆེན་ལུང་རིགས་སེང་གེ་མཆོག་དང་། མཁན་རིན་པོ་ཆེ་འཇམ་དཔལ་ཆོས་འཛིན་མཆོག་རྣམ་གཉིས་ལ་སྨོན་ལམ་ཚོགས་པ་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། མི་མང་ལ་ནང་ཆོས་ངོ་སྤྲོད་བསྩལ་བ་དང་། མི་མང་ཡོངས་ལ་གསོལ་ཇ་དང་། ཆབ། ཉིན་དགུང་གསོལ་ཚིགས་བཅས་གོ་སྒྲིག་ཞུས་ཤིང་། ཉིན་རྒྱབ་ཏུ་བདེ་སྐྱིད་གླིང་གི་མི་མང་རྒན་གཞོན་བར་གསུམ་དང་། ལྷག་པར་དུ་བྱམས་སེམས་གཞོན་སྐྱེས་ཚོགས་པ་ནས་དང་བླང་ངང་དགའ་དད་སྤྲོ་གསུམ་གྱིས། ཞབས་གཞས་འཁྲབ་པ་སོགས་སྤྲོ་སྣང་ངང་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་པ།

 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*