མཉམ་དུ་ཟ་མི་རུང་བའི་ཟས་རིགས་འགའ།

༡ ཞོག་ཁོག་དང་སྐམ་ཤ་མཉམ་རྔོ་བྱེད་པ།
འདི་ནི་ལུགས་དང་མི་མཐུན་པའི་ཟ་མ་སྡེབ་སྦྱོར་བྱེད་སྟངས་ཤིག་ཡིན།བཟའ་ཆས་འདི་གཉིས་ལ་མཁོ་བའི་ཕོ་བའི་ཆུ་སྐྱུར་གྱི་གར་ཚད་མི་འདྲ་བས། བཟའ་ཆས་ཕོ་བའི་ནང་དུ་གནས་པའི་ནང་དུ་གནས་པའི་དུས་ཡུན་ཇེ་རིང་དུ་སོང་སྟེ། དེ་ནས་བཟུང་ཕོ་རྒྱུའི་ཟས་འཇུ་བའི་དུས་ཡུན་ཇེ་རིང་དུ་འགྲོ་བའི་རྐྱེན་སློང་སྲིད།
༢ པོ་ཚལ་དང་སྲན་ཕྱུང་ཁུ་བ།
པོ་ཚལ་དང་སྲན་ཕྱུང་མཉམ་དུ་ཟོས་ན། པོ་ཚལ་ནང་གི་རྩྭ་སྐྱུར་དང་སྲན་ཕྱུར་ནང་གི་ཀལ་གཉིས་འདྲེས་སྦྱོར་བྱས་ནས་འཇུ་དཀའ་བའི་རྩྭ་སྐྱུར་ཀལ་ཆགས་ཏེ། མི་ལུས་ཀྱིས་ཀལ་སྡུད་ལེན་བྱེད་པར་གནོད་པ་ཐེབས་པར་མ་ཟད་རྡེའུ་སྐྲན་ཡང་འབྱུང་སྲིད།
༣  ཙོང་དང་སྲན་ཕྱུར་སྡེབ་པ།
སྲན་ཕྱུར་ནང་གི་ཀལ་དང་ཙོང་ནང་གི་རྩྭ་སྐྱུར་གཉིས་འདྲེས་སྦྱོར་བྱས་ནས་མི་ལུས་ཀྱིས་ཀལ་སྡུད་ལེན་བྱེད་པར་གནོད་པ་ཐེབས་སྲིད།
༤ སྲིན་ཁུ་སྒོ་ང་དང་བསྲེས་པ།
མི་རྣམས་ཀྱིས་སྲན་ཁུ་སྒོ་ང་དང་བསྲེས་ནས་ཟོས་ན་ཟས་བཅུད་ཕུན་སུམ་ཚོགས་པ་ཡིན་སྙམ་མོད། དོན་དངོས་སུ་སྒོ་ངའི་ནང་གི་འབྱར་བག་རང་བཞིན་གྱི་སྤྲི་དཀར་སྲན་ཁུའི་ནང་གི་གཤེར་མའི་སྤྲི་དཀར་ཞུ་རྩི་དང་འདྲེས་ནས། ཟས་བཅུད་ཀྱི་རིན་ཐང་ཉམས་འགྲོ་བ་རེད།
༥  ཇ་ཁུས་སྒོ་ང་བཙོ་བ།
ཇ་ཁུའི་སྒོ་ང་ནི་སྲོལ་རྒྱུན་གྱི་བཟའ་ཆས་ཤིག་ཡིན་མོད། འོན་ཀྱང་མིའི་ལུས་པོའི་བདེ་ཐང་ལ་གནོད་པ་མ་གཏོགས་ཕན་པ་མེད། དེ་ནི་ཇ་ལོའི་ནང་དུ་སྐྱེ་ལྡན་བུལ་ཏོག་ཡོད་པར་མ་ཟད་སྐྱུར་བའི་རང་བཞིན་གྱི་དངོས་པོའང་འདུས། འདྲེས་སྦྱོར་དངོས་རྫས་འདི་རིགས་དང་སྒོ་ངའི་ནང་ག་ལྕགས་རྒྱུ་འདྲེས་སྦྱོར་བྱས་ནས། ཕོ་བ་ལ་གནོད་པར་མ་ཟད་ཟས་འཇུ་བ་ལའང་གནོད་པ་ཡོད།
༦  བྱ་སྒོང་རྔོད་དུས་བྲོ་རྒྱུ་འདེབས་པ།
བྱ་སྒོང་རང་སྟེང་ན་བྲོ་རྒྱུ་དང་མཚུངས་པའི་གྲུབ་ཆ་ཀུའུ་ཨན་སྐྱུར་མང་པོ་འདུས་པས། བྱ་སྒོང་རྔོད་དུས་བྲོ་རྒྱུ་འདེབས་པ་ནི་དྲི་ཞིམ་ཁ་སྣོན་བྱ་རྒྱུ་ཕར་ཞོག བྱ་སྒོང་གི་རང་བྱུང་དྲི་ཞིམ་མེད་བཟོ་བའམ་ཡང་ན་གཏོར་བརླག་ཐེབས་སྲིད། དེར་བརྟེན་བྱ་སྒོང་རྔོད་དུས་བྲོ་རྒྱུ་འདེབས་མི་རུང་།
༧  ལ་དཀར་དང་ལ་སེར་མཉམ་དུ་ཟ་བ།
ལ་དཀར་ནང་དུ་འཚོ་བཅུད་cཡི་འདུས་ཚད་མཐོ་ལ། ལ་སེར་གྱི་ནང་དུ་ཁྲག་སྐྱུར་འགོག་པའི་དབྱེ་ཕྲལ་ཕབ་རྒྱུ་འདུས་པས། དེ་གཉིས་མཉམ་དུ་ཟོས་ན། ལ་དཀར་ནང་གི་འཚོ་བཅུད་cལ་གཏོར་བརླག་ཐེབས་ཏེ་འཚོ་བཅུདcཉམས་འགྲོ་བ་རེད།
༨ ལ་ཕུག་དང་སིལ་ཏོག་གཉིས་མཉམ་དུ་ཟ་བ།
ལ་ཕུག་སོགས་འདབ་མ་བཞི་ལྡན་མེ་ཏོག་རིགས་ཀྱི་ཚོད་མ་དག་མིས་ཟོས་ན། མགྱོགས་མྱུར་ངང་ཨོལ་གོང་རྨེན་འགོག་པའི་ལེའི་ཆིན་སོན་ཟེར་བའི་རྫས་ཤིག་འབྱུང་སྲིད། གལ་ཏེ་སྐབས་དེར་རྩི་ཤིང་མདོག་རྒྱུ་མང་པོ་འདུས་པའི་སིལ་ཏོག་སྟེ་ཚ་ལུ་མ་དང་། ཤིང་ཏོག་ལི། ཀུ་ཤུ། རྒུན་འབྲུམ་ལ་སོགས་པ་ཟོས་ན། ཨོལ་གོང་གཤེར་རྨེན་གྱི་ནད་སློང་བར་བྱེད། 
༩  འོ་མ་འཐུང་སྐབས་ཚ་ལུ་མ་ཟ་བ།
འོ་མ་འཐུང་མ་ཐག་ཚ་ལུ་མ་ཟོས་ན་འོ་མའི་ནང་གི་སྤྲི་དཀར་ཚ་ལུ་མའི་ནང་གི་སྐྱུར་རྫས་ཀུའོ་སོན་དང་འཚོ་བཅུད་cརྣམས་དང་འཕྲད་ནས་གོང་བུར་ཆགས། གོང་བུ་དེས་ཟས་འཇུ་བར་གནོད་པ་སྐྱེལ་བར་མ་ཟད། ད་དུང་ཁོག་པ་སྤོས་པ་དང་། ན་བ། གཟེར་བ་སོགས་ཀྱི་ནད་ཀྱང་སློང་སྲིད།
༡༠  ཆང་འཐུང་དུས་ལ་སེར་ཟ་བ།
ཉེ་ཆར། ཨ་རུའི་ཟས་རིགས་ཆེད་མཁས་པས་བཤད་པ་ལྟར་ན། ལ་སེར་ནང་གི་བཅུད་Bདང་ཆང་བཅུད་གཉིས་ཁོག་ཏུ་བརྒྱུད་ན། མཆིན་པར་དུག་རྒྱུ་འབྱུང་བར་བྱེད་པར་མ་ཟད། ད་དུང་མཆིན་ནད་ཀྱང་ཕོག་པར་བྱེད།
༡༡  ཆང་དཀར་དང་རླངས་ཆུ་གཉིས་མཉམ་དུ་འཐུང་བ།
ཆང་དཀར་དང་རླངས་ཆུ་གཉིས་མཉམ་དུ་འཐུང་ན། ཆང་བཅུད་མགྱོགས་མྱུར་ངང་ལུས་ཡོངས་སུ་ཁྱབ་ནས་དབྱང་གཉིས་ཐན་འགྱུར་འབྱུང་བས། དེས་ཕོ་བ་དང་རྒྱུ་མ། མཆིན་པ། མཁལ་མ་སོགས་ལ་གནོད་པ་སྐྱལ་བར་མ་ཟད། ད་དུང་ཀླད་པའི་ཁྲག་རྩ་ལ་ཡང་གནོད་པ་སྐྱེལ། 
༡༢  ཤ་ཟ་དུས་ཇ་འཐུང་བ།
ཇ་ལོའི་ནང་ན་རོའུ་སྐྱུར་དང་སྤྲི་དཀར་མང་པོ་འདུས་ཕྱིར། ཇའི་ནང་སྐུམ་བྱེད་རང་བཞིན་ལྡན་པའི་རོའུ་སྐྱུར་སྤྲི་དཀར་ཆགས་ལ། དེས་རྒྱུ་མའི་འགུལ་ཚད་ཇེ་དལ་དུ་གཏོང་བ་དང་། བཤང་གཅི་རྒྱུ་མའི་ནང་གནས་པའི་དུས་ཡུན་ཇེ་རིང་དུ་བཏང་ནས། རྩ་སྐམ་པ་དང་དུག་རྒྱུ་འབྱུང་བ་སོགས་སློང་བར་བྱེད།
༡༣  ཕག་ཤ་དང་ཚོད་མ་རྭ་མགོ་གཉིས་མཉམ་དུ་ཟ་བ།
ཕག་ཤ་དང་ཚོད་མ་རྭ་མགོ་གཉིས་མཉམ་དུ་ཟོས་ན་ཕོ་བར་ན་ཟུག་གཏོང་སླ།
༡༤  སྐམས་ཤ་དང་ལི་ཙེ་མཉམ་དུ་ཟ་བ།
སྐམས་ཤ་དང་ལི་ཙེ་མཉམ་དུ་ཟོས་ན་སྐྱུག་སླ།
༡༥  ལུག་ཤ་དང་ཞི་ཀྭ་མཉམ་དུ་ཟ་བ།
ལུག་ཤ་དང་ཞི་ཀྭ་མཉམ་དུ་ཟོས་ན་ལུས་སྟོབས་ཉམས་འགྲོ།
༡༦  རི་བོང་གི་ཤ་དང་ཇིན་ཚལ་མཉམ་དུ་ཟ་བ།
རི་བོང་གི་ཤ་དང་ཇིན་ཚལ་མཉམ་དུ་ཟོས་ན་མགོ་བོའི་སྐྲ་འབྱི་སྲིད།
༡༧  ངང་ཤ་དང་ངང་བའི་སྒོ་ང་མཉམ་དུ་ཟ་བ།
ངང་ཤ་དང་ངང་བའི་སྒོ་ང་མཉམ་དུ་ཟོས་ན་ལུས་ཟུངས་ཉམས་འགྲོ།
༡༨  ཀ་ར་དང་བྱ་སྒོང་མཉམ་དུ་ཟ་བ།
ཀ་ར་དང་བྱ་སྒོང་མཉམ་དུ་ཟོས་ན་དུག་ཕོག་པའི་ཉེན་ཁ་ཡོད།
༡༩   ཞོག་ཁོག་དང་ཤིང་ཏོག་ངང་ལག་མཉམ་དུ་ཟ་བ།
ཞོག་ཁོག་དང་ཤིང་ཏོག་ངང་ལག་མཉམ་དུ་ཟོས་ན་ཤ་བཀྲ་འབྱུང་སྲིད།
རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*