༧སྐྱབས་རྗེ་འཁོན་གདུང་ཨ་སངྒ་རིན་པོ་ཆེ་མཆོག་གི་དབུ་མའི་རྩ་བ་ཤེས་རབ་སློབ་གཉེར་དབུ་འཛུགས་གནང་བ།

དེ་རིང་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ རེས་གཟའ་ཟླ་བ་གཟའ་སྐར་དགེ་བའི་ཉིན་སྐྱབས་རྗེ་མཁན་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་མཆོག་ནས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་ཁུལ་གྱི་ས་གནས་མཱ་ནཱ་ལིར་༧སྐྱབས་རྗེ་འཁོན་གདུང་ཨ་སངྒ་རིན་པོ་ཆེ་མཆོག་དང་དོན་གཉེར་ཅན་གྱི་སློབ་མ་མི་ཉུང་བ་ཞིག་ལ་དབུ་མའི་རྩ་གཞུང་རྩ་བ་ཤེས་རབ་ལ་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀྱི་སྒོ་ནས་འཇུག་ཅིང་། མདོ་སྡེ་ས་བཅུ་པ་དང་འབྲེལ་བའི་སེམས་བསྐྱེད་བཅུའི་རབ་བྱེད་ཅན་གྱི་གཞུང་། དབུ་མ་ཐལ་འགྱུར་བའི་སློབ་དཔོན་ཆེན་པོ་སངས་རྒྱས་བསྐྱངས་ཀྱི་བརྒྱུད་འཛིན་བྱེ་བའི་གཙུག་རྒྱན་བདག་ཉིད་ཆེན་པོ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་གསུང་ཆོས་དབུ་འཛུགས་བསྐྱངས་པའི་བཀའ་དྲིན་མཚུངས་མེད་མཁན་རིན་པོ་ཆེ་མཆོག་གིས་ཐུགས་བརྩེ་དང་ལེགས་བཤད་སྦྲང་བཅུད་ཀྱིས་ཉེ་བར་བསྐྱངས་པའི་བདག་ཅག་བུ་སློབ་རྣམས་ཀྱི་དོན་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། མཛད་ཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པའི་སྨོན་འདུན་ཞུ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*