རྡོ་རྗེ་གཞོན་ནུའི་སྒྲུབ་ཐབས་ལྗགས་ལུང་གནང་བ།

དེ་རིང་སྤྱི་ཟླ ༩ པའི་ཚེས ༨ ཉིན་ས་སྐྱའི་ཆོས་སྒར་དུ་རྒྱལ་བ་རྒྱ་མཚོའི་རིགས་ཀྱི་བདག་པོ་རྡོ་རྗེ་འཆང་དབང་། དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་གི་ཞལ་སྔ་ནས། དཔལ་ས་སྐྱའི་ཆོས་སྒར་རཱཇ་པུར་དུ་འཁོན་ལུགས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་ཐབས་རྒྱས་པ་ཕུར་ཆེན་དང་རྡུལ་ཚོན་ལ་བརྟེན་པའི་དཀྱིལ་ཆོག་གི་ལྗགས་ལུང་གནང་འདུག་པ་མ་ཟད། ༧ སྐྱབས་མགོན་གོང་མ་ཁྲི་འཛིན་ཞེ་གཉིས་དང་ཞེ་གསུམ། དེ་བཞིམ་དུ་སྐྱབས་རྗེ་་བི་ཀྲྀཏ་བཛྲ་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་ཨ་བྷ་ཡ་བཛྲ་བཅས་འཁོན་གདུང་རྣམ་པ་དང་རྫེ་བཙུན་མ་རྣམ་པ་དབུས་བཞུགས་ཐོག་མཁན་སྤྲུལ་འདུས་པ་རྒྱ་མཚོ་ལྷན་བཞུགས་གནང་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*