༧ དཔལ་རྫོང་གསར་བཤད་གྲྭ་ཆེན་ནས་ཆོས་བརྡ་གསལ་བསྒྲགས་གནང་འདུག 

དུས་གསུམ་རྒྱལ་བ་ཀུན་གྱི་རང་གཟུགས། རིགས་གསུམ་སེམས་དཔའི་རྣམ་འཕྲུལ། མཚན་མཆོག་གསུམ་ལྡན་གྱི་༧དཔལ་ས་སྐྱའི་༸གོང་མ་ཁྲི་འཛིན་ཞེ་གསུམ་པ་ྋསྐྱབས་མགོན་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་ལ་རིང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་མགོན་པོ་གང་ཉིད་བདག་སོགས་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་འདི་ག་འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་འདི་ལོའི་བོད་ཟླ་ ༨ ཚེས་ ༧ དང༌། ཕྱི་ཟླ་ ༩ ཚེས་ ༢༢ གཟའ་སྐར་འཕྲོད་སྦྱོར་ཤིན་ཏུ་དགེ་བའི་ཉིན་ཞབས་སོར་བཀའ་དྲིན་ཆེ་རྒྱུ་དང༌། བོད་ཚེས་ ༨ དང་ ༡༠ ཕྱི་ཚེས་ ༢༣ དང་ ༢༤ ཉིན་གཉིས་ལ་འཁོན་ལུགས་རྡོ་རྗེ་ཕུར་པའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་ཆེན་དང༌། བོད་ཚེས་ ༡༡ ཕྱི་ཚེས་ ༢༥ ཉིན་ཚེ་དབང་བཀའ་དྲིན་བསྩོལ་རྒྱུ་ཡིན་པས། རྒྱ་ཆེའི་དད་ལྡན་ཡོངས་ཀྱིས་དེ་ལུགས་ཐུགས་འཇགས་འཚལ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*