གསར་འགྱུར།

གློ་བོ་རྣམ་རྒྱལ་ཆོས་སྡེར་༧ གསང་ངག་རིན་པོ་ཆེ་ལམ་འབྲས་ཀྱི་བཀའ་ཆོས་ལེགས་པར་གྲུབ་པ།

2023 ལོའི་ཟླ 8 ཚེས 25 ཉིན། གདོང་མཁན། 0

སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གློ་བོ་རྣམ་རྒྱལ་ཆོས་སྡེ་ཐུབ་བསྟན་དར་རྒྱས་གླིང་དུ་དཔལ་ས་སྐྱའི་གསང་ངག་རིན་པོ་ཆེ་ལམ་འབྲས་ཀྱི་བཀའ་ཆོས་ལེགས་པར་གྲུབ་ལ་ཉེ་བ་དང་སྐབས་དེའི་བསྟན་འཁོར་༧ སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་བ་ཛྲ་རིན་པོ་ཆེ་མཆོག་དང་༧སྐྱབས་མཆོག་ཀླུ་ལྡིང་ཞབས་དྲུང་རིན་པོ་ཆེ་སྐུ་འཁོར་གཙོས་གསང་ཆེན་རྒྱུད་གྲྭའི་མཁན་པོ་ཚེ་དགའ་སོགས་མཁན་སྤྲུལ་བརྒྱ་བརྒལ་བ་དང་ཕྱོགས་ དེ་ལས་མང་་་

གསར་འགྱུར།

༧ དཔལ་རྫོང་གསར་བཤད་གྲྭ་ཆེན་ནས་ཆོས་བརྡ་གསལ་བསྒྲགས་གནང་འདུག 

2023 ལོའི་ཟླ 8 ཚེས 24 ཉིན། གདོང་མཁན། 0

དུས་གསུམ་རྒྱལ་བ་ཀུན་གྱི་རང་གཟུགས། རིགས་གསུམ་སེམས་དཔའི་རྣམ་འཕྲུལ། མཚན་མཆོག་གསུམ་ལྡན་གྱི་༧དཔལ་ས་སྐྱའི་༸གོང་མ་ཁྲི་འཛིན་ཞེ་གསུམ་པ་ྋསྐྱབས་མགོན་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་ལ་རིང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་མགོན་པོ་གང་ཉིད་བདག་སོགས་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་འདི་ག་འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་འདི་ལོའི་བོད་ཟླ་ ༨ ཚེས་ ༧ དང༌།  དེ་ལས་མང་་་

གསར་འགྱུར།

༧ དཔལ་སྤི་ཏི་ས་སྐྱ་སྟེང་རྒྱུད་དགོན་པའི་དབྱར་གནས་ལེགས་གྲུབ།

2023 ལོའི་ཟླ 8 ཚེས 24 ཉིན། གདོང་མཁན། 0

༧དཔལ་ས་སྐྱ་པའི་རྗེས་སུ་སློབ་པའི་སྤི་ཏི་ས་སྐྱ་སྟེང་རྒྱུད་དགོན་གྱི་དབྱར་སྔ་མ་དེ་རིང་ལེགས་པར་གྲུབ་སྟེ་རྩེ་སྤི་ཏི་ས་སྐྱ་གོ་མིག་དགོན་དུ་དགེ་འདུན་ཡོངས་རྫོགས་དབྱར་དགག་དབྱེ་གནང་འདུག དེ་ལས་མང་་་

གསར་འགྱུར།

༧ དཔལ་གསང་ཆེན་རྒྱུད་གྲྭར་དྲན་པ་ཉེར་བཞག་སྐོར་ངོ་སྤྲོད་གནང་བ།

2023 ལོའི་ཟླ 8 ཚེས 24 ཉིན། གདོང་མཁན། 0

དེ་རིང་དཔལ་གསང་ཆེན་རྒྱུད་གྲྭ་གཙུག་ལག་སློབ་གཉེར་ཁང་གི་མཁན་ཆེན་དཀོན་མཆོག་རྒྱལ་མཚན་དང་མཁན་པོ་སྐལ་བཟང་མགོན་པོ། ངོར་དབུ་འཛིན་མཁན་པོ་འཇམ་དབྱངས་མཁྱེན་རྣམ་གསུམ་གཙོས་རྒྱུད་གྲྭའི་སློབ་གཉེར་བ་ཡོངས་ལ་ཕྱི་གླིང་པ་དགེན་ངག་དབང་བསྟན་འཛིན་ལགས་ནས་དྲན་པ་ཉེར་བཞག་བཞི་ལས་ལུས་དྲན་པ་ཉེ་བར་བཞག་པའི་སྐོར་དང་དབུགས་འབྱུང་རྔུབ་ཀྱི་སྒོམ་ཁྲིད་ལག་ལེན་གྱི་ཐོག་ནས་ངོ་སྐོར་གནང་འདུག
དེ་ལས་མང་་་

གསར་འགྱུར།

༧ དཔལ་ས་སྐྱའི་ཆོས་སྒར་དུ་ཡབ་ཆོས་ཕུར་སྒྲུབ་ཆེན་མོ་འཚོགས་བཞིན་པ།

2023 ལོའི་ཟླ 8 ཚེས 24 ཉིན། གདོང་མཁན། 0

རཱཇ་པུར་དཔལ་ས་སྐྱའི་གདན་ས་ས་སྐྱ་ཆོས་སྒར་དུ་ལོ་ལྟར་དཔལ་ལྡན་ས་སྐྱ་པ་ལ་བཀའ་བབས་པའི་ཡབ་ཆོས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཕུར་པའི་སྒྲུབ་མཆོད་སྔོན་དུ་འཆམ་རྒྱུགས་དང་འཆམ་སྦྱོང་གནང་སྲོལ་ཡོད་པ་བཞིན་དེ་རིང་འཆམ་སྦྱོང་གནང་མུས་འདིར་༧ སྐྱབས་མགོན་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོས་འཆམ་གྱི་གར་སྟབས་ཉམས་འགྱུར་སོགས་ལ་གཟིགས་ཞིབ་གནང་བ་དང་ཕུར་པའི་སྒྲུབ་ཀྱི་ཕུར་འཆམ་གནང་མུས།
དེ་ལས་མང་་་

བཅད་རྩོམ།

ལས་སྐལ།

2023 ལོའི་ཟླ 8 ཚེས 24 ཉིན། ཕར་ནང་དཀོན་རྒྱས་ 0

མེ་ཏོག་དཀར་སེར་དམར་ལྗང་།།
ཆུ་དང་དྲོད་ཀྱིས་གསོས་ཡོད།།
བརྩེ་བ་ཤ་འདྲིས་པགས་འདྲིས།།
སེམས་དང་སེམས་ཀྱིས་གསོ་དགོས།།

ཉི་མ་མཁའ་ནས་ཤར་བྱུང་།།
འོད་ཟེར་ས་གཞིར་འཕྲོས་བྱུང་།།
མེ་ཏོག་འདབ་མ་གྲོལ་བྱུང་།།
སྐྱི་སེར་ལྡང་བ་མ་གནང་།།

ཁ་ཆད་སེམས་ལ་སྦས་ཡོད།།
དམ་བཅའ་ཡིད་ནས་བཞག་ཡོད།།
འཇིག་རྟེན་ལས་ཀྱི་བདག་པོ།།
མི་འདོད་གཏོང་བ་མ་གནང་།།

རང་ལ་འདོད་པ་ཇི་བཞིན།།
མི་ལ་འདོད་པ་ཡིན་པས།།
ལས་དབང་མེད་ཀི་མ་གསུང་།།
མིག་ཆུ་གཙང་བོར་འདྲེས་འགྲོ།། དེ་ལས་མང་་་

གསར་འགྱུར།

༧ སྐྱབས་མགོན་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་སྐུ་འཁོར་ལྷན་རྒྱས་ཕོ་བྲང་ལ་ཞབས་སོར་འཁོད་པ།

2023 ལོའི་ཟླ 8 ཚེས 15 ཉིན། གདོང་མཁན། 0

སྤྱི་ལོ ༢༠༢༣/༨/ ༡༥ ཉིན་རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དཔལ་ས་སྐྱ་པ་ཆེན་པོ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གཉིས་པ་རྣམ་པ་གཉིས་ཕྱི་ཕྱོགས་རྒྱལ་ཁབ དེ་ལས་མང་་་

གསར་འགྱུར།

དཔལ་ས་སྐྱ༧ གོང་མའི་རྐང་རྩེད་སྤོ་ལོ་འགྲན་བསྡུར།

2023 ལོའི་ཟླ 8 ཚེས 7 ཉིན། གདོང་མཁན། 0

དཔལ་ས་སྐྱ༧ གོང་མའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཆེན་མོ་ཞེས་པའི་གོ་སྒྲིག་གནང་འདུག དེ་ལས་མང་་་