སྐུ་གདུང་རིན་པོ་ཆེ་གདན་འདྲེན།

༄༅། །༸སྐྱབས་མཆོག་བདེ་བར་གཤེགས་པ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་གདུང་རིན་པོ་ཆེ་གནས་མཆོག་རྡོ་རྗེ་གདན་ནས་དེཧ་རཱ་དཱུན་དུ་དམིགས་གསལ་གནམ་གྲུ་བརྒྱུད་དེ་གདན་འདྲེན་ཞུས་པ་དང་དེ་ནས་མགོན་པོ་གང་གི་གདན་ས་ཆེན་པོ་མཎྜུ་ཝཱ་ལཱ་ངོར་མ་དགོན་དུ་ཕེབས་བསུ་ཞུས་འདུག

ད་ལན་ཕེབས་བསུ་འདི་རྒྱ་གར་གྲོས་ཚོགས་འཐུས་མི་ལ་དྭགས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་ནས། གནམ་གྲུའི་གོ་སྒྲིག་དང་། དེ་མཚུངས་ཕེབས་ལམ་སྲུང་སྐྱོབ་དང་སྟངས་འཛིན་ཆེད་སྐོར་སྲུང་བ་སྒྲིག་བཀོད་གནང་བ་སོགས་ཕྱོགས་ཡོངས་ནས་ཕེབས་བསུའི་ཕྱག་རོགས་གནང་ཡོད་འདུག་ལ། ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་ཕྱག་རྟགས་སྐུ་ཐང་གསོལ་བསྩལ་བཀའ་དྲིན་གནང་བ་དང་། ༸སྐྱབས་མཆོག་ངོར་ཁྲི་པ་རྣམ་གཉིས་ཀྱི་དབུས་ངོར་མ་དགོན་གྱི་འདུས་སྤྱི་ནས་སྐུ་ངོ་སྤྱི་འཐུས་མཆོག་ལ་ངོར་ཆེན་རྡོ་རྗེ་འཆང་གི་འདྲ་སྐུ་བྱིན་ཅན་ཞིག་ཐུགས་རྗེ་ལེགས་མཚོན་དུ་ཕུལ་བར་ཡིན་འདུག །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*