༧ སྐྱབས་མཆོག་ཀླུ་ལྡིང་མཁན་ཆེན་སྐུ་ཞི་བར་གཤེགས་པ།

ཤིན་ཏུ་ཡིད་སྐྱོའི་གནས་ཚུལ།
རང་ཅག་རྣམས་ཀྱི་འདྲེན་མཆོག་བླ་ན་མེད་པ། བཀའ་དྲིན་སུམ་ལྡན་གྱི་དྲིན་ཆེན་རྩ་བའི་བླ་མ། ༧སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག རབ་བྱུང་ ༡༧ ཆུ་ཕོ་སྟག ཟླ་བ་ ༡༡ ཚེས་ ༦ རེས་གཟའ་ལྷག་པ། ཕྱི་ཟླ་ ༡༢ ཚེས་༢༨ ཐོ་རེངས་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་ཤིན་ཏུ་ཡིད་སྐྱོའི་གནས་སུ་གྱུར་རུང་། ཇི་སྐད་དུ། རྒྱུད་བླ་མར། ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། །སྙིང་རྗེ་བདག་

ཤིན་ཏུ་ཡིད་སྐྱོའི་གནས་ཚུལ།
རང་ཅག་རྣམས་ཀྱི་འདྲེན་མཆོག་བླ་ན་མེད་པ། བཀའ་དྲིན་སུམ་ལྡན་གྱི་དྲིན་ཆེན་རྩ་བའི་བླ་མ། ༧སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག རབ་བྱུང་ ༡༧ ཆུ་ཕོ་སྟག ཟླ་བ་ ༡༡ ཚེས་ ༦ རེས་གཟའ་ལྷག་པ། ཕྱི་ཟླ་ ༡༢ ཚེས་༢༨ ཐོ་རེངས་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་ཤིན་ཏུ་ཡིད་སྐྱོའི་གནས་སུ་གྱུར་རུང་། ཇི་སྐད་དུ། རྒྱུད་བླ་མར། ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། །སྙིང་རྗེ་བདག་ཉིད་སྐྱེ་བ་དང་། །འཆི་དང་རྒ་དང་ན་བར་སྟོན། །ཞེས་གསུངས་པ་ལས་མ་འདས། དེས་ནས་དད་ལྡན་སློབ་འབངས་ཡོངས་ནས་མགོན་པོ་གང་གི་ཟག་མེད་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཤིང་། ས་ལམ་གྱི་བར་ཆད་ཞི་བའི་ཐུགས་སྨོན་གནང་སྐྱོང་ཡོང་བ་ཞུ།
༢༠༢༢-༡༢-༣༡.

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*