མེ་ལོང་སྐྱིད

 གསེར་རྟ། ཚུལ་འོད།

དེ་རིང་ནམ་ཟླ་ཅུང་ཟད་གྲང་མོ་རེད།
སེམས་ཀྱིས་འཁྱེར་སོ་དེ་ལས་འཁྱག་ཞིག་རེད།
ད་ལོའི་དགུན་ཁར་གཏམ་རྒྱུད་བྲིས་བཞག་ཡོད།
དོ་ཞག་མདངས་ནུབ་རྫོགས་ཚིག་བཀོད་བཞག་ཐལ།

སྤྲིན་པའི་བང་རིམ་བལྟས་ན་མཐུག་པོ་རེད།
ཟུར་དུ་ཉེ་ན་ཆུ་རླངས་ཙམ་ཞིག་རེད།
ང་དང་ཁོ་མོའི་གཏམ་རྒྱུད་དེ་འདྲ་རེད།
རེག་པ་ཙམ་ཀྱིས་མེད་པས་དོག་པ་སྐྱེ།

འཆར་བའི་བློ་སྒོར་ཁོ་མོ་ཧ་ཅང་མཛེས།
འགྲམ་དུ་སོང་ན་དེ་ལས་ཡག་ཞིག་ཡིན།
འཐེང་བོར་མགྱོགས་འགྲོས་ཟེར་བ་ཡེ་ནས་མིན།
ཁྱོད་ཚོས་མཐོང་ན་ད་གདོད་དོན་དངོས་ཤེས།

ས་ཡི་རྩི་བཅུད་ཇེ་རྒྱས་ཇེ་སྨིན་རེད།
ཚེས་གཅིག་ཟླ་བ་དེ་དང་མཚུངས་པ་རེད།
ང་དང་ཁོ་མོའི་བརྩེ་བ་ལྷད་མེད་ཡང་།
དེ་འདྲ་ཡིན་པས་འདུན་མ་ཧ་ཅང་རྒོད།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*