སྒྲོལ་མའི་ལས་དབང་།

ཐུ་བྷོད་ཁྲག་སྨྱུག (གཞས་ཚིག)​

ལས་དབང་གཅེས་སུ་འཛིན་པའི་འདང་ཆེན་མ༎
དེང་གི་དུས་ཀྱི་མྱི་ཁ་​རྒོད་ན་ཡང་༎
བརྩེ་དུང་ཨ་ལོང་སྦྲེལ་བའི་དཔའ་རྩལ་ལ༎
སེམས་གཏམ་དྲོན་མོར་འགྲན་ཟླ་སུ་ཞིག་ཡོད༎

སྦྲ་སྨུག་གཡང་ལ་འཁོར་བའི་ན་ཆུང་མ༎
མི་ཚེ་རིང་མོའི་བགྲོད་ལམ་དོག་ན་ཡང་༎
ལྷན་དུ་འཚོ་བ་རོལ་བའི་བདེ་སྐྱིད་ལ༎
འཇིག་རྟེན་འདི་རུ་འགྲན་ཟླ་སུ་ཞིག་ཡོད༎

ཕ་སྐད་ངག་ལ་ཐོགས་པའི་ཤེས་ལྡན་མ༎
སྤྱི་ཚོགས་ཆེན་མོའི་གོམ་འགྲོས་རྩུབ་ན་ཡང་༎
འབད་པ་ལྷུར་ལེན་བྱེད་པའི་སྙིང་སྟོབས་ལ༎
ན་ཟླའི་ཁྲོད་ན་འགྲན་ཟླ་སུ་ཞིག་ཡོད༎

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*