ང་ཚོ་ནི་གཏམ་རྒྱུད་ཅིག་ལ་འགྱུར་རན་ཡོད།

གསེར་རྟ། ཚུལ་ཁྲིམས་འོད་ཟེར།

ཕོ་བྲང་དཀར་དམར་ཀུན་དགའ་ར་བར་ཤེས་བྱའི་མཁའ་དབུགས་བར་མེད་ལྡང་།
སྐད་ཅིག་ཙམ་གྱིས་རྣམ་གཡེང་ཡལ་ཏེ་བརྩོན་འགྲུས་རྟ་ཕོའི་གཤོག་རྩལ་ངར།
བཅུད་ལྡན་སློབ་གསོའི་བདུད་རྩི་བབས་ཏེ་མ་རིག་རྒྱུད་ཀྱི་མུན་པ་བསལ།
སྣ་མང་རིག་གཞུང་འདི་ནས་མཇལ་ཏེ་འཇིག་རྟེན་ལྟད་མོ་མིག་གིས་མཐོང་།

འཆད་རྩོད་རྩོམ་གྱི་གློག་ཞགས་མྱུར་ཏེ་རིག་པའི་བློ་སྒོ་འདི་ནས་ཕྱེས།
དྲི་བྲལ་མ་བཅོས་སྤྱོད་ལམ་གཙང་མ་རང་བཞིན་ཤུགས་ཀྱིས་རྒྱུད་ལ་གོམས།
གླུ་གར་ཕྲེང་བའི་རྦ་རླབས་འཕྱུར་ཏེ་ཁྱད་འཕགས་སྒྱུ་རྩལ་འདི་ནས་མཇལ།
ཡང་དག་བདེན་པའི་མདུན་ལམ་དཀར་པོ་མ་ཡུམ་སི་བོད་འདི་ནས་རྙེད།

བགྲང་བྱ་གསུམ་གྱི་སློབ་རའི་འཚོ་བ་ནུབ་ཁའི་ཉི་བཞིན་རྫོགས་ལ་ཉེ།
འདི་རུ་བཀོད་པའི་ལོ་རྒྱུས་ཟབ་མོ་མ་བཅོས་ལྷུན་གྱིས་སེམས་སུ་ངེས།
རིག་པའི་སྦྱངས་བརྩོན་འདུན་པའི་རྩེ་ན་དྲག་ཏུ་འཕྱུར་བའི་སློབ་གྲོགས་དག།
སྲོལ་རྒྱུན་ཞིང་སར་ཁོ་ལག་རྫོགས་པའི་ཡིད་དུ་འོང་བའི་འདབ་མ་ཉིད།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*