བདག་གི་མགོན་པོ།

 གཟི་ནག་པོ། དཀར་མཛེས།

ཁྱེད་ཀྱིས་མུན་པ་བསུག་སྟེ་རྒྱང་དུ་བྱོན། །
ལམ་བུ་དག་ནི་ལྷག་ཏུ་དཀའ་བར་སྣང་། །
མིག་གཉིས་ཁྱོད་ཀྱི་དྲུང་དུ་འཆོར་བ་དེ། །
སྣང་ངོར་ལ་ཡང་ལུས་ཀྱི་འབྲས་བུ་ཉིད། །

ལས་ཀྱི་རྒྱུ་ཆ་ཁྱོད་ཀྱི་འཁོར་ཚོགས་ཀྱིས། །
ཡིད་ཀྱི་འོབས་སུ་རྟེན་འབྲེལ་རི་མོ་བྲིས། །
དེ་ཡང་ཚུལ་འཆོས་ཞིག་གི་གྲུབ་ཆ་དང་། །
བློ་ནི་བསུག་པའི་དོལ་བུ་ལས་གཞན་ཅི། །

གང་གི་གསེར་གྱི་ཐུགས་ཀྱི་པད་རྫིང་དུ། །
སྣ་ཚོགས་མེ་ཏོག་མང་བ་འཕོས་པ་དང་། །
ཞེན་ཆཊ་ཡེ་ནས་ཆོད་པའི་ཡུལ་གྲི་དེར། །
ཁྱོད་ཀྱིས་གོམ་བདུན་བོར་ཏེ་མེ་ཏོག་གི །

ཡུལ་ལུང་སྣ་ཚོཊ་ཡུན་གྱིས་གང་བར་བྱས། །
དེ་དང་གཞོགས་སུ་ཡུལ་མི་སྣ་ཚོཊ་འཁོད། །
དེ་ཡང་མཐར་ཐུག་ཆོས་ཀྱི་རྒྱ་དག་གྱུར། །
དེ་ནས་ཚོཊ་དག་བསག་ཏེ་རྒྱང་དུ་ཆས། །

རི་ཞོལ་རེ་ཞིག་སྡུག་གི་མུན་པས་གཏུབ། །
དེ་ནས་ཁྱོད་ཀྱི་ཤུལ་དུ་མཆོད་ཆུ་གཏོར། །
འགའ་ནི་མིག་ཀོང་འབོལ་བར་གྱུར་པ་ནི། །
སྐྱེ་བ་ལྔ་བརྒྱའི་ལན་ཆག་འཕོ་བ་བཞིན། །

ལས་ཀྱི་གཙང་བོར་འབག་གི་ན་བུན་དཀྲི །
ཨེ་མ་དུས་མཐའི་ཤྭ་འོད་འབྱུང་ངམ་ཅི། །
རྒྱུ་ཆ་གང་གི་རྐྱེན་པས་བསེར་བུ་འཁོར། །
སེམས་ཀྱི་ལྷ་ཚོཊ་རྒྱང་དུ་གྱར་ཞིང་ལྡིང་། །

དུས་ཀྱི་གཙང་བོ་འཕྱོ་བ་ངར་ན་ཡང་། །
བས་མཐའི་སྨེང་བ་སུ་དང་གང་ལ་འཇོ། །
ང་ཅག་སྐྱེ་འཆིའི་མདུན་དུ་ཀྲོང་བ་དང་། །
མིག་གི་གཙང་བོ་ངང་གིས་འཕོ་ལ་གོམ། །

དེ་དག་བྱས་པའི་ལས་ཀྱི་དགུན་ཁ་ལ། །
ཉི་མ་དེའང་རེས་གསལ་རེས་མོག་ཅིང་། །
ནམ་གུང་སྐྱ་རེངས་འཚུབ་པའི་དུས་དེ་རུ། །
སྨེང་བ་མོག་པོ་སེམས་ཀྱི་འོབས་སུ་འཕོ། །

ངག་གི་དར་ཅིག་སྒྱུ་འཕྲུལ་གོང་དུ་བོར། །
ཀྱེ་མ་བདག་གི་སངས་རྒྱས་ལྷ་ཆེན་པོ། །
སྨྲ་བ་མེད་པའི་འཇུམ་སྐུའི་ཁ་གཏད་དུ། །
རེ་ཞིག་དལ་བུ་ཁུ་སིམ་རོལ་དགོས་བྱུང་། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*