མང་ཡུལ་ལ་དྭགས་མང་སྤྲོ་དགོན་དུ་དཔལ་ས་སྐྱའི་བཀའ་འབུམ་ལྗགས་ཀློག་གནང་འདུག

བོད་ཁ་བ་གངས་ཅན་པའི་ཞིང་ཁམས་སུ་ལོ་ངོ་བརྒྱ་ཕྲན་དུ་མའི་སྔ་རོལ་ནས་གདན་དྲངས་པའི་རྗེ་བཙུན་དཔལ་ལྡན་ས་སྐྱའི་གོང་མ་རྣམ་ལྔའི་དྲི་མ་མེད་པའི་གསུང་འབུམ་སོགས་མང་ཡུལ་( དམར་ཡུལ) ལ་དྭགས་མང་སྤྲོ་དགོན་དུ་བཞུགས་ཡོད་པ་སོང་།   ད་ལྟར་མང་སྤྲོ་དགོན་དུ་ཡུལ་མི་སྐྱ་སེར་ཐུན་མོང་གིས་བཞེངས་པའི་མངོན་པར་དགའ་བའི་ཕོ་བྲང་དུ་དཔལ་ས་སྐྱའི་བཀའ་འབུམ་དག་སྒྲོགས་གནང་མུས་ལྟར།  ད་ལོར་མང་སྤྲོ་ཡུལ་གྱི་དམག་མི་ཟུར་པས་གོ་སྒྲིག་འོག་ནས་༧སྐྱབས་རྗེ་ངོར་དཔོན་སློབ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་སྤྲུལ་སྐུ་ངག་དབང་འཇིགས་མེད་བློ་གྲོས་རྣམ་གཉིས་དབུ་བཞུགས་ཐོག་དགོན་པའི་དགེ་འདུན་པ་ཡོངས་དང་ཡུལ་མི་ཐུན་མོང་གིས་དཔལ་ས་སྐྱའི་བཀའ་འབུམ་ལྗགས་ཀློག་གནང་ཡོད་པ་དང་།   ༧ ངོར་དཔོན་སློབ་རིན་པོ་ཆེ་མཆོག་གིས་དཔལ་ས་སྐྱ་བཀའ་འབུམ་དང་ས་སྐྱ་གོང་མ་རྣམ་ལྔའི་མཛད་རྣམ་སྙིང་བསྡུས་ཤིག་ངོ་སྤྲོད་གནང་པ་དང་།  སྤྲུལ་སྐུ་ངག་དབང་འཇིགས་མེད་བློ་གྲོས་གིས་བླང་དོར་བཀའ་སློབ་ཟབ་རྒྱས་གནང་འདུག   དམག་མིའི་ཟུར་པའི་ཚོགས་གཙོ་ནས་ས་སྐྱ་བཀའ་འབུམ་ལྗགས་ཀློག་གནང་དགོས་པའི་རྒྱུ་མཚན་དང་དགེ་ཕན་བཅས་ཀྱི་ཐད་ནས་གསུང་བཤད་གནང་འདུག   

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*