ངག་རྩོམ།

ས་པཎ་མཆོག་གི་རྣམ་ཐར་ཚིགས་བཅད་པ་ཉེར་ལྔ་པ།

2021 ལོའི་ཟླ 7 ཚེས 31 ཉིན། གདོང་མཁན། 0

འཇམ་དཔལ་དབྱངས་དངོས་རྗེ་བཙུན་ས་སྐྱ་པའི། ། འགྲན་བྲལ་ལུང་རིགས་ཉི་མ་བྱེ་བའི་མདངས། ། སྟོང་གསུམ་མུན་པའི་གཤེད་དུ་ཤར་བའི་གཏམ། ། འཛམ་གླིང་གཟུར་གནས་སྐྱེ་བོའི་ངག་ན་མཛེས། ། རབ་བྱུང་གསུམ་པའི་ཆུ་ཕོ་སྟག་གི་ལོར། ། མདོ་རྒྱུད་མང་པོའི་ལུང་གིས་ཟིན་པ་བཞིན། ། དཔལ་ཆེན་འོད་པོའི་སྲས་ཀྱི་ཚུལ་བཟུང་བ། ། ས་སྐྱའི་གདན་སར་བལྟམས་པའི་རྣམ་ཐར་ཡིན། ། དེ་ལས་མང་་་

བཀའ་སློབ།

༧ སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོས་བཀའ་སློབ།

2021 ལོའི་ཟླ 7 ཚེས 28 ཉིན། གདོང་མཁན། 0

དེང་སང་དཀར་ལྟོ་མང་པོ་གསུང་གི་འདུགདེ་ཡག་པོ་འདུག །ང་རང་ཡང་དགའ་བོ་ཡོད།ཡིན་ན་ཡང་དཀར་ལྟོ་ཚོགས་པའི་ནང་དུ་ངོར་ཆེན་གྱི་ལུང་དེ་བཞག་གནང་གི་འདུག“ཀ་ཡེ་ཁོ་བོ་རྗེས་སུ་འབྲང་བ་ན།ཤ་ཆང་ལ་སོགས་མ་དག་འཚོ་བ་སྤངས།།”ཞེས་པ་དེ་བཞག་གནང་གི་འདུགདཀར་གཏོར་དེ་གཙོ་བོ་བྱས་ནས་དེ་ལ་ཤ་སོགས་ཟས་ན་ཉེས་པ་ཆེ་ཚུལ་བགྲང་ནས།ཆང་དང་མ་དག་པའི་འཚོ་བ་སོགས།ག་སང་འདི་སང་མེད་པ་བགད་བྲོ་བོ་ཞིག་ཡོང་གི་འདུག། མ་དག་པའི་འཚོ་བ་ཞེས་པ་དེ་ངོར་ཆེན་གྱིས་དམིགས་བསལ་ཤུགས་ཆེན་པོ་གསུང་འདུག།“དཀོན་མཆོག་རྫས་དང་གཞན་ལས་འཕྲོག་པ་སོགས།། དེ་ལས་མང་་་

གསར་འགྱུར།

ས་སྐྱ་༸གོང་མ་ཁྲི་ཆེན་མཆོག་ནས་ཨ་པཾ་གཏེར་སྟོན་གྱི་བཀའ་དབང་གནང་བ།

2021 ལོའི་ཟླ 7 ཚེས 19 ཉིན། གདོང་མཁན། 0

༄༅། །དེ་རིང་དཔལ་ས་སྐྱའི་ཆོས་སྒར་དུ་བོད་ཟླ་ ༦ ཚེས་ ༡༠ ཕྱི་ཟླ་ ༧ ཚེས་ ༡༩ ཉིན་བཀའ་དྲིན་གསུམ་ལྡན་གྱི་དྲིན་ཆེན་རྩ་བའི་བླ་མ་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཐུགས་བརྩེ་བ་ཆེན་པོས་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་དབུས་པའི་སྒྲོལ་མ་ཕོ་བྲང་གྱི་སྐུ་འཁོར་རྣམས་ལ་ཨ་པཾ་གཏེར་སྟོན་གྱི་གཏེར་ཆོས་གུ་རུ་ཚིག་བདུན་ཟབ་སྒྲུབ་ཀྱི་བཀའ་དབང་བཀའ་དྲིན་ཆེ་བསྩལ་མཛད་གནང་འདུག དེ་ལས་མང་་་

གསར་འགྱུར།

དཔལ་ས་སྐྱའི་གློ་སྨད་བཀག་དགོན་དུ་བཀའ་འགྱུར་དག་སྒྲོགས་གནང་འདུག

2021 ལོའི་ཟླ 7 ཚེས 13 ཉིན། གདོང་མཁན། 0

དེ་ཡང་འཛམ་གླིང་ཞི་བདེ་དང་དཔལ་ལྡན་བླ་དམ་པ་ཚོ་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པའི་ཕྱིར་དུ། ལོ་ལྟར་བོད་ཟླ་དྲུག་པའི་ཚེས་བཞི་ལ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་མཆོག་གི་ཆོས་འཁོར་བསྐོར་བའི་དུས་ཆེན་དང་བསྟུན་དཔལ་ས་སྐྱའི་དགོན་གློ་སྨད་བཀག་ཆོས་སྡེ་རུ་རྒྱལ་བའི་བཀའ་འགྱུར་རིན དེ་ལས་མང་་་

དགོན་སྡེ།

སྤྱི་ཏི་དཔལ་ས་སྐྱའི་དཀར་མཛེས་སྟེང་དགོན་ལྷུན་གྲུབ་ཆོས་འཁོར་གླིང་།

2021 ལོའི་ཟླ 7 ཚེས 13 ཉིན། གདོང་མཁན། 0

སྤྱིར་སྤི་ཏི་སྟེང་རྒྱུད་དགོན་འདི་ནི་རྒྱ་གར་བྱང་ཕྱོགས་ཧི་མཱཅལ་མངའ་སྡེའི་ཁོང་གཏོགས་སྤི་ཏིའི་ཡུལ་གྲོང་ལྟེ་གནས་དཀར་མཛེས་ཡུལ་གྱི་རྒྱབ་ན་བྲག་རི་མཐོན་ པོ་གནམ་ལ་སྙེག་འདྲ་བའི་འགྲུལ་རྩེ་ལའི་སྟེང་ན་གོ་མིག་ཅེས་འབོད་པའི་ཡུལ་གྱི་ཡང་ཐོག་རི་བོ་ཞིག་གི་སྟེང་མི་ལོ་༧༠༠ཡས་མས་ཙམ་གྱི་སྔོན་ནས་ཕྱག་བཏབ་པའི་དགོན་རྙིང་ཞིག་ཡིན་ལགས། གོ་མིག་དགོན་པ་འདི་ཉིད་ནི་ཕལ་ཆེར་ལོ་ཆེན་རིན་ཆེན་བཟང་པོས་དུས་རབས་བཅུ་པ་ཡས་མས་ཙམ་ལ་ཕྱག་བཏབ་པ་ཡིན་ལགས། རྒྱུ་མཚན་ནི། དེ་ལས་མང་་་

གསར་འགྱུར།

༸སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་ལྗགས་བརྩམས་གསར་པ།

2021 ལོའི་ཟླ 7 ཚེས 13 ཉིན། གདོང་མཁན། 0

༸རིས་མེད་བསྟན་པའི་མངའ་བདག་སྐྱབས་མཆོག་མཁྱེན་བརྩེ་རྡོ་རྗེ་འཆང་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་མཛད་པའི་ཕྱག་དཔེ་གསར་ཐོན་འདི་བཞིན། དེང་དུས་སྤྱི་ཡོངས་ནས་གསང་སྔགས་ཀྱི་ཐོག་ལ་བཅངས་པའི་ཐེ་ཚོམ་དག་ལས་འཕྲོས་ཏེ་དོགས་གཅོད་དང་གསལ་བཤད་ལྟ་བུ་ཞིག་ཡིན་འདུག་ཅིང་། དཀར་ཆག་ཀྱང་།
༡ ང་དང་ངའི་བླ་མ་རྣམས།༢ ནུབ་ཕྱོགས་ཀྱི་སློབ་མ་རྣམས་དང་ལྷན་དུ་ཆེས་ཐོག་མའི་ཐུག་འཕྲད།༣ འཆར་འགོད་ལས་མང་བའི་ལྟེས་དབང་།༤ ཆོས་དང་ལུགས་སྲོལ། རིགས་གཞུང་། གོམས་སྲོལ།༥ ནང་ དེ་ལས་མང་་་

གསར་འགྱུར།

མང་ཡུལ་ལ་དྭགས་མང་སྤྲོ་དགོན་དུ་དཔལ་ས་སྐྱའི་བཀའ་འབུམ་ལྗགས་ཀློག་གནང་འདུག

2021 ལོའི་ཟླ 7 ཚེས 13 ཉིན། གདོང་མཁན། 0

བོད་ཁ་བ་གངས་ཅན་པའི་ཞིང་ཁམས་སུ་ལོ་ངོ་བརྒྱ་ཕྲན་དུ་མའི་སྔ་རོལ་ནས་གདན་དྲངས་པའི་རྗེ་བཙུན་དཔལ་ལྡན་ས་སྐྱའི་གོང་མ་རྣམ་ལྔའི་དྲི་མ་མེད་པའི་གསུང་འབུམ་སོགས་མང་ཡུལ་( དམར་ཡུལ) ལ་དྭགས་མང་སྤྲོ་དགོན་དུ་བཞུགས་ཡོད་པ་སོང་། ད་ལྟར་མང་སྤྲོ་དགོན་དུ་ཡུལ་མི་སྐྱ་སེར་ཐུན་མོང་གིས་བཞེངས་པའི་མངོན་པར་དགའ་བའི་ཕོ་བྲང་དུ་དཔལ་ས་སྐྱའི་བཀའ་འབུམ་དག་སྒྲོགས་གནང་མུས་ལྟར། ད་ལོར་མང་སྤྲོ་ཡུལ་གྱི་དམག་མི་ཟུར་པས་གོ་སྒྲིག་འོག་ནས་༧སྐྱབས་ དེ་ལས་མང་་་