འཇམ་དབྱངས་བླ་མ་ས་ལོ་ཙ་རྗེས་སུ་དྲན་པའི་བསྟོད་དབྱངས་མེ་ཏོག་ཆུན་པོ།

མེ་ཁོལ)– ཁམས་བྱེ།

རྣམ་དཔྱོད་འཇམ་དབྱངས་རལ་གྲི་བསྣམས་ཤིང་།།
རྣམ་དཀར་ཚོགས་ཀྱི་གཟི་རྔམ་འཕྲོ་བའི།།
རྣམ་དག་དབྱིངས་ཀྱི་ཡོངས་ཀློང་དེ་ནས།།
རྣམ་ཀུན་མཁྱེན་པའི་ཐུགས་ཀྱིས་དགོངས་བཞིན།།
རྣམ་གསལ་ངུར་སྨྲིག་ཚུལ་ཞིག་བགོས་ཏེ།།
རྣམ་སྤྲུལ་མགོན་དེར་སྙིང་ནས་འདུད་དོ།།

སྲིད་པའི་སྨན་གཅིག་བསྟན་པ་རིན་ཆེན།།
ཟབ་ཅིང་རྒྱ་ཆེན་རྒྱལ་བའི་ལེགས་གསུང་།།
ཐུགས་ཀྱི་མཁའ་ཡོངས་རྟ་བདུན་ཇི་བཞིན།།
བརྩོན་པའི་ལམ་ནས་ཉེ་བར་བསྲུབས་པས།།
རྣམ་དག་རྒྱལ་བའི་རིང་ལུགས་འཛིན་པའི།།
ས་སྐྱ་པཎ་ཆེན་རྗེས་སུ་དྲན་ནོ།།

སྒྲིབ་པ་མེད་པའི་སྤྱན་དཀྱུས་མངའ་བས།།
འཇམ་དཔལ་ལྷ་ཡི་ཞལ་གྱི་པད་མོ།།
ལན་གཅིག་མིན་པར་ཡང་ཡང་གཟིགས་ཤིང་།།
འཕཊ་པའི་ཡུལ་གྱི་སློབ་དཔོན་ཚོཊ་དང་། །
དམ་པའི་ཆོས་ཀྱི་གསུང་གླེང་མཛད་པའི།།
ཟག་མེད་ཐུཊ་མངའ་རྗེས་སུ་དྲན་ནོ། །

ཆོས་བཞིན་གཟིཊ་པའི་མཁྱེན་རབ་རྨད་བྱུང་། །
ཆོས་མིན་སྨྲ་བའི་རྒོལ་ངན་སྤོབས་པ།།
ཆོས་མཐུན་རིཊ་པའི་འོབས་ཀྱི་འཕྲུལ་གྱིས།།
ཕྱེད་མ་འཐག་ཅིང་སུན་འབྱིན་མཛད་པའི།།
རིགས་སྨྲ་ཁྱུ་ཡི་སྤྱི་བོའི་རྒྱན་གྱུར། །
རིཊ་པའི་རྒྱལ་བོ་རྗེས་སུ་དྲན་ནོ།།

ཁ་བའི་རྡུལ་ཕུང་བརྩེཊ་སུ་བཞེངས་པའི།།
རང་བྱུང་བཀོད་པའི་ཁ་བའི་ཞིང་གི།།
བརྩེ་ཆེན་བསྟན་པ་དྲི་མས་གཡོཊ་ཚེ།།
དག་བྱེད་གསུང་གི་བདུད་རྩི་ཆར་གྱིས།།
གཙང་སེང་ངང་གི་བྱི་དོར་མཛད་པའི།།
འཛད་ཕྲིན་ཅན་དེ་རྗེས་སུ་དྲན་ནོ།།

ལོ་རྒྱུས་རྒན་པོའི་ཞལ་གྱི་ཁུད་ན།།
ཁྱོད་ཉིད་གླེང་བ་མཐའ་ཅིག་མེད་མེད་གྲང་།།
ཆོས་འབྱུང་གླེཊ་བམ་དེབ་ཐེར་གསེང་ན།།
ཁྱོད་ཉིད་འཁོད་པ་གྲངས་ཅིག་མེད་གྲང་།།
དོན་ཀུན་འགྲུབ་པའི་རྣམ་ཐར་སྐྱོང་བའི།།
ཐུ་བྷོད་དྲང་སྲོང་རྗེས་སུ་དྲན་ནོ།།

ས་བཅུ་དབང་ཕྱུག་ཐུཊ་ཀྱི་སྲས་པོ།།
སྐྱེ་འཆི་ཀུན་རྫོབ་བསྒྱུར་མའི་འཁྲུལ་སྣང་།།
རང་འཚང་སྟོང་རྟེན་དབྱེར་མེད་རིག་པས།།
འཇིག་པ་མེད་པའི་རྡོ་རྗེའི་སྐུ་དབང་།།
ཁབ་ཏུ་བཞེངས་ཀྱང་རེ་འགའི་སྣང་ཚུལ།།
བདག་ཅག་བསོད་ནམས་དམན་པས་ཡིན་ནམ།།

འོད་གསལ་སེམས་ཀྱི་གདོད་མའི་ཚང་མལ།།
འཁྲུལ་མེད་གདམས་པའི་མེས་པོ་ཁྱེད་ཉིད།།
རེ་ཞིག་བདེ་ལྡན་ཞིང་དུ་བཞུགས་ཀྱང་།།
བདག་ཅག་ལས་ཀྱི་སྐལ་དུ་བཞུཊ་པའི།།
གླེགས་བམ་གསེར་བྲིས་སྙིང་གི་པད་མོར།།
སིམ་སིམ་བྱེད་པའི་བྱིན་རླབས་སྩོལ་ཅིག།

དྲན་དབང་སྙིང་གི་ཉི་མ་སེར་པོ།།
དུས་ཀྱི་ཡོལ་བའི་འཕག་ཏུ་གཟིམས་སོང་།།
སྨག་རུམ་ཁྲོད་ཀྱི་ཨུཏྤལ་ཁེར་རྐྱང་།།
དུང་ཟླའི་འོད་རླབས་ཟེགས་མ་བསྩལ་བའི།།
མཚན་མོའི་མགོན་གྱི་ཕྲིན་ལས་ཇི་བཞིན།།
སླར་ཡང་མགོན་དུ་བྱོན་ན་བསམ་བྱུང་།།

__________ ས་སྐྱ་པཎ་ཆེན་རྗེས་དྲན་དུ་གུས་པས་ཕུལ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*