དད་འདུན་ངག་གི་རོལ་མོ་སྲིད་གསུམ་སྙན་པའི་སྒྲ་དབྱངས།།

མེ་ཁོལ།-(ཁམས་བྱེ།)

རོ་གཅིག་ཞི་བ་ཆེན་པོའི་དབྱིངས་བཞུཊ་སེམས་དཔའ་ཆེན་པོ་ཞིག།
སྙིགས་མའི་སྨག་ནག་སྤྲིན་རབ་འཁྲིག་སེ་དུས་ཀྱི་ཡང་ཀློང་ནས།།
ཆོས་ཀྱི་སྒྲོན་མེ་འོད་ཆེན་ཚད་མེད་སྩོལ་བདག་མངོན་སྤྲུལ་བའི།།
དུས་ཀྱི་མུན་སེལ་གང་དེར་དད་འདུན་ངག་གི་རོལ་མོ་འཁྲོལ།།

ཉིད་སྐུ་ལྷུན་པོ་གཟི་ལ་ཚོཊ་གཉིས་གཟི་མདངས་ཆེར་བརྟས་ཤིང་།།
དྲུག་བཅུ་ཡན་ལག་མངའ་བ་གསུང་དབྱངས་ལྗཊ་ཀྱི་རྩལ་རྫོཊ་པ།།
ཐབས་ཤེས་རྒྱ་མཚོ་ཐུཊ་མཁར་ལྟེམ་མེ་བཞེངས་པའི་འཕཊ་ཆེན་གང་།།
སྲིད་གསུམ་སྙན་པ་བསྡུས་གཟུཊ་སྒྲ་དབྱངས་ཕོ་བྲང་བཞེངས་ཏེ་མཆོད།།

བདེན་ཆེན་ཕུན་ཚོཊ་བཀོད་པས་སྲིད་པ་ལང་ཚོ་རབ་གཞོམ་ཡང་།།
བརྩེ་ཆེན་ཐབས་འཕྲུལ་འབུམ་གྱིས་སྲིད་པ་ཀུན་ཏུ་ངོམ་མེད་རྒྱུ།།
ལྷན་སྐྱེས་གཉུག་མའི་གཤིས་དེ་རྗེན་པར་གཟིཊཔའི་སྟོབས་འཛོམས་ཀྱང་།།
འཇིག་རྟེན་བདག་གིར་མཛད་པའི་ཟློས་གར་ཅི་ཡང་རབ་ཏུ་རྩེན།།

མི་འཇེད་ཞིང་གི་སྐལ་དུ་འཕོས་པའི་མི་འཇིག་རྡོ་རྗེའི་སྐུ།།
འཁྲུངས་སྐར་དུས་ཀྱི་དགའ་སྟོན་འཆར་བའི་མོད་ལ་ལྷ་ཚོཊ་ཀྱིས།།
དགྱེ་པའི་མེ་ཏོག་ཆར་དུ་སྤྲུལ་ཞིང་མི་ཚོཊ་འཁོར་གྱིས་ཀྱང་།།
མངོན་པར་བསྟོད་པའི་གདངས་དག་འཇེབ་ཅིང་ཀུན་ནས་སྙན་གྱུར་ཅིག།

ངག་དབང་ཀུན་དགའ་བསོད་ནམས་ཐེག་ཆེན་དཔལ་འབར་བསམ་འཕེལ་དབང་གི་རྒྱལ་པོའི་འཁྲུངས་སྐར་དགའ་སྟོན་ལ་ཕུལ།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*