༸དཔལ་ངོར་ལུགས་དཀྱིལ་འཁོར་བདུན་གྱི་གློག་བརྙན་ལེགས་གྲུབ།

ངོར་ལུགས་དཀྱིལ་འཁོར་བདུན་གྱི་གློག་བརྙན་ལེགས་གྲུབ།

༸རྒྱལ་བས་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ་ངོར་ཆེན་རྡོ་རྗེ་འཆང་གི་རིང་ལུགས་ཐུན་མོང་མ་ཡིན་པ་(ངོར་ལུགས་དཀྱིལ་འཁོར་བདུན་)ཞེས་ཡོངས་སུ་གྲགས་པའི་སྒྲུབ་མཆོད་ཆེན་པོ་བདུན་གྱི་ཆོ་ག་ཕྱག་ལེན་གྱི་རིམ་པ་ཚང་ལ་མ་ནོར་བར་ཇི་ལྟར་འདོན་པའི་ཚུལ་གློག་བརྙན་གྱི་ལམ་དུ་བླངས་ཏེ། ཕལ་ཆེར་ཟླ་ངོ་གསུམ་གྱི་རིང་ལ་ངལ་བ་བགྱིས་པའི་མཐར། ཁ་སང་ལྷ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན། དཀྱིལ་འཁོར་བདུན་པོ་ཡོངས་སུ་ལེགས་པར་གྲུབ་འདུག

    དེ་ཡང་ལས་གཞི་འདི་ནི་༸སྐྱབས་མཆོག་ངོར་ཀླུ་ལྡིང་༸མཁན་ཆེན་རྡོ་རྗེ་འཆང་མཆོག་གིས་ཞལ་བཀོད་ལམ་སྟོན་བཞིན། ༸སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་མཆོག་གིས་མཐོང་བ་བརྒྱུད་པའི་ཕྱག་ལེན་འཁྲུལ་མེད་དུ་འདོན་དབྱངས་མཛད་དེ།  མཁན་པོ་ཀུན་དགའ་རིན་ཆེན་ནས་བརྙན་འདིའི་འཁྲབ་ཁྲིད་པའི་བརྙན་བླངས་ཤིང་སྒྲིག་སྦྱོར་ལེགས་པར་བྱས། དེ་ལ་རྡོ་རྗེ་སློབ་དཔོན་ངག་དབང་བསྟན་འཛིན་ལགས་ནས་མཆོད་པ་དང་འདོན་རོགས་ཐོག་མཐའ་བར་གསུམ་དུ་མཉམ་ཞུགས་གནང་བར་བཅས་ཀྱི་ངོར་ལུགས་དཀྱིལ་འཁོར་བདུན་གྱི་གློག་བརྙན་ལེགས་གྲུབ་བྱུང་འདུག  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*