ནང་པ་མིན་ནམ་ཞེས་པའི་ཕྱག་དཔེ་གསར་ཐོན།

དགེ་ཚུལ་རྒན་པོའི་གཏམ་རྒྱུད། ནང་པ་ཡིན་ནམ་མིན་ཞེས་པའི་ཕྱག་དེབ་གསར་ཐོན། 

དགེ་ཚུལ་རྒན་པོའི་གཏམ་རྒྱུད།

སྔོན་ཆད་རྒན་པོ་ཞིག་གྲྭ་བ་བྱས་ཤིང་།   ལོ་མཐོ་བས་དབུལ་སྐྲ་དཀར་པོ་དང་རྣམ་པ་བརྗེད་རྔམ་ལྡན་པ་དེ་འདྲ་ཡིན།  ཉིན་ཞིག་སྦྱིན་བདག་ཅིག་གིས་གྲྭ་མང་རང་ཁྱིམ་ལ་གུངས་ཚིགས་སུ་གདན་དྲངས་ཤིང་། སྦྱིན་བདག་མས་ཁོ་མཐོང་བས་བསླབ་པ་མཐོ་བའི་དགེ་སློང་ཞིག་རེད་བསམ་ནས་གྲལ་མགོའི་གདན་ལ་བཞུགས་སུ་བཅུག་པ་དང་།  བཞན་ལས་ལྷག་པའི་བསྙེན་བཀུར་བྱས་པ་རེད།  དགེ་འདུན་པའི་ཕྱག་སྲོལ་དུ་གུངས་ཚིག་བཞེས་རྗེས་དགེ་སློང་ཞིག་གིས་དབུ་དྲངས་ནས་བསྔོ་བ་དང་ཆོས་བཤད་ཐུང་ངུ་རེ་གསུང་དགོས་ཤིང་།  ཏག་ཏག་གྲྭ་གཞོན་ཚོ་དགེ་ཚུལ་རྒན་པོ་དེ་གྲལ་མགོར་འཁོད་པར་མ་རངས་པར་ཡོད་པའི་སྟབས་ཀྱིས།  བསྔོ་བ་དང་ཆོས་བཤད་ཀྱི་ལས་འགན་དེ་ཁོར་བསྐྱོན་པ་རེད།  ཁོ་ཅི་བྱེད་ལོང་མ་བྱུང་བར་སྦྱིན་བདག་མས་ཕྱག་འཚལ་ཏེ་བསྔོ་བ་གསུང་དགོས་པའི་རེ་སྐུལ་ཞུས་ཤིང་། 

འགྱུར་དེབ་གསར་པ།

ཁོ་འཚབ་པར་གྱུར་ནས་སྐད་ཆ་གཅིག་ཀྱང་ངག་ནས་མ་ཐོན་ཞིང་། གྲྭ་གཞོན་ཚོ་དེར་བལྟས་ནས་གད་མོ་ལྷུག་ལྷུག་བགད་པ་རེད།  ཁོས་མི་ཤེས་པའི་སྡུག་བསྔལ་རེད། མི་ཤེས་པ་ནི་སྡུག་བསྔལ་རེད་ཅེས་ལན་འགར་བཟླས་པ་དང་།  རྗེས་སུ་སྦྱིན་བདག་མས་དེ་ཡི་ནང་དོན་ཡང་ཡང་བསམ་ནས་དངོས་གནས་རེད་ཨང་།  མི་ཤེས་པ་ནི་ང་ཚོའི་སྡུག་བསྔལ་གྱི་འབྱུང་རྩ་རེད་ཅེས་བསྒོམས་པ་ལ་བརྟེན་ནས་མི་རིང་བར་ཐར་པ་ཐོབ་པ་རེད།  གཏམ་འདི་རིམ་གྱིས་ཁྱབ་ནས་མི་མང་པོ་ཞིག་གིས་མ་རིགས་པ་དང་སྡུག་བསྔལ་བསྒོམས་ཏེ་ཐར་པ་འཐོབ་ཅིང་།  དགེ་ཚུལ་རྒན་པོ་ཁོ་ཡང་སྔར་གྱི་སྦྱིན་བདག་མའི་ཞབས་ལ་གཏུགས་ནས།  མོའི་གདམས་པ་བཞིན་བསྒོམས་པས།  མི་རིང་བར་ཐར་བ་ཐོབ་པ་ཡིན།   

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*