ཆོས་སྒར་དུ་དཔལ་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་དབུ་འཛུགས་གནང་འདུག

དེ་རིང་སྤྱི་ཟླ ༩ པའི་ཚེས ༨ ཉིན་བྱེས་ཀྱི་གདན་ས་དཔལ་ས་སྐྱ་ཆོས་སྒར་དུ་ལོ་ལྟར་ཚུགས་མུས་ཡིན་པའི་བྱིན་རླབས་ཅན་གྱི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་ཉིན་དང་པོར་སྔོན་འགྲོ་ས་ཆོག་དང་འབྲེལ་བའི་ནང་འཆམ་དང་རྩ་འཆམ་དངོས་གཞི་ཉིན་མོར་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གཙོ་བོ་དབུར་བཞུགས་མཛད་ནས་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དབུས་པའི་ས་སྐྱ་ཆོས་སྒར་གྱི་དགེ་འདུན་རྣམ་པས་རྡོ་རྗེ་ཕུར་པའི་རྩ་འཆམ་དངོས་གཞིའི་ཉིན་པོ་ལེགས་པར་གྲུབ་འདུག  

དེ་བཞིན་དུ་དེ་རིང་དཔལ་ས་སྐྱའི་ཆོས་སྡེ་མང་སྤྲོ་ཐུབ་བསྟན་ཤར་གླིང་ཆོས་འཁོར་དགོན་དུ་༧སྐྱབས་མཆོག་ངོར་ཤར་ཆེན་ཀླུ་ལྡིང་མཁན་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་མཆོག་གིས་མང་སྤྲོ་དགོན་ཡུལ་གཉིས་ནས་ཇི་ལྟར་གསོལ་བ་འདེབས་དོན་བཞིན་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དབང་ཆེན་གནང་བ་དང་ཆོས་ཞུ་བ་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་།  ལུགས་གཉིས་ཀྱི་བླང་དོར་བཀའ་སློབ་ཡང་བསྩལ་གནང་འདུག  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*