དཔལ་ངོར་ཁྲི་པ་ཉི་ཟླ་རྣམ་གཉིས་ཀྱིས་ཕྱོགས་ཕེབས་ཆོས་ཕྱོགས་ཀྱི་མཛད་འཕྲིད་བསྐྱངས་བཞིན་པ།

 ༸ དཔལ་ས་སྐྱའི་གདན་ས་ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་༼༧༦༽པ་༧སྐྱབས་མཆོག་ངོར་ཤར་ཆེན་ཀླུ་ལྡིང་མཁན་རིན་པོ་ཆེ་མཆོག་ལ། སྒང་ཏོག་ངོར་དགོན་ནས་ཇི་ལྟར་གསོལ་བ་བཏབ་དོན་བཞིན་བདུན་ཕྲག་གཉིས་རིང་འཕགས་ཡུལ་འབྲས་མོ་ལྗོངས་སུ་བསྟན་འགྲོའི་མཛད་འཕྲིན་བསྐྱངས་གནང་རྒྱུ་ཐུགས་གཏན་ཁེལ་འདུག  ཕྱི་ཟླ་དགུ་པའི་ཚེས་པ་བཅོ་ལྔ་ཉིན་རྒྱབ་ཕྱག་ཚོད་དང་པོ་དང་ཕྱེད་ཀར་མང་ཚོགས་ལ་ཚེ་དབང་དང་། ཕྱི་ཚེས་ཉི་ཤུ་གཅིག་ཉིན་གྱི་ཉིན་རྒྱབ་ཕྱག་ཚོད་དང་པོ་དང་ཕྱེད་ཀར་ཀུན་རིག་དབང་ཆེན་བསྩལ་གནང་བཅས་རིམ་པའི་མཛད་འཆར་ཡོད་འདུག་

༸ ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས༼༧༧༽པ་༧སྐྱབས་མཆོག་ངོར་ཐར་རྩེ་མཁན་རིན་པོ་ཆེ་མཆོག་ནས་དོལ་པོ་བན་ཚང་མཚོ་གསུམ་གྱི་ཡ་རྒྱལ་ཏིང་རྒྱུར་དུ་མང་ཚོགས་ལ་ནང་ཆོས་ངོས་སྤྲོད་དང་རིགས་གསུམ་མགོན་པོའི་དབང་ཆེན་བླང་དོར་བཀའ་སློབ་བཅས་བསྩལ་འཆར་གྱི་མཛད་རིམ་སོགས་ཡོད་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*