གཞན་ཕན་ལྷག་བསམ་དཀར་པོའི་ས་སྐྱའི་བདག་མོ་སྐལ་ལྡན་མཆོག


གུས་མོ་རང་ཉིད་དམར་ཟས་སྤངས་ཏེ་མི་ལོ་བཅོ་ལྔ་ལྷག་ཙམ་ཕྱིན་སོང་ལ། བར་ལམ་ནས་སྲོག་ཆགས་འབྲེལ་མེད་(vegan)ཟས་རིགས་ཀྱང་ཐེངས་འགའ་སྤངས་བ་ཡིན།   ད་ཆ་སྲོག་ཆགས་འབྲེལ་མེད་ཀྱི་ཟས་རིགས་སྤངས་ནས་ལོ་ངོ་གཅིག་ཧྲིལ་པོ་འཁོར་སོང་། དེ་བས་ང་རང་དམར་ཟས་དང་སྲོག་ཆགས་འབྲེལ་རིགས་ཁ་ཟས་མི་སྤྱོད་ཅིང་། དེ་ཡང་དོན་གཞན་ལ་མངོན་འདོད་ཀྱིས་འབྲེལ་བརྗོད་མི་ཐུབ་ཀྱང་གུས་མོས་སེམས་ཅན་ཡོངས་ཀྱི་ཚེ་སྲོག་ལ་རྩ་ཆེན་དང་གུས་འདུད། ཕན་ཚུན་གཞོགས་འདེགས་ཀྱི་ཐབས་ལ་འབོད་ཁུལ་ལས་མ་འདས། ལོ་གསར་པར་གཙང་སྤྲའི་ལས་ཀ་ཏོག་ཙམ་བྱ་འདུན་ཡོད་པ་བཅས་དང་། དེ་བས་ལོ་མང་པོའི་གོང་ནས་སྲོག་ཆགས་དང་འབྲེལ་བའི་པགས་རིགས། སྲོག་འབྲེལ་དར་གོས་སོགས་གོང་ཡོད་གཞན་ལ་ཆོས་སྦྱིན་གྱི་ཚུལ་དུ་ཕངས་སེམས་མེད་པའི་ཐོག་ནས་སྟེར་བཞིན་ཡོད། དེའི་ཕྱིར་རྗེས་འབྲེལ་བེད་སྤྱོད་མ་གཏང་བ་དུས་ཡུན་རིང་སོང་། ད་ཡོད་@kaldendesigns་བརྒྱུད་ད་ཕྲུག་དང་ཉམ་ཐག་རྣམས་ཀྱི་ཆེད་དུ་ཆོས་སྦྱིན་གང་ཐུབ་གཏོང་ཐུབ་ཐབས་ལ་འབོད་བརྩོན་བྱེད་མུས་ཡིན།   ད་བར་ངོ་ཤེས་སུ་ཞིག་གིས་གོང་ཚད་ཆེ་ཆུང་འདྲ་མིན་གྱི་རྔན་པ་ལག་རྟགས་གནང་བ་མཁན་རྣམས་ལ་གུས་མོས་ངོས་ནས་ཐུགས་རྗེའི་ཡི་རངས་ཞུ་བ་དང་སྦྲགས། དེ་དག་ཀྱང་བེད་མེད་སྒེར་སྤྱོད་མ་བྱས་བར་སྐབས་བབས་གཞན་ཕན་རོགས་གསོས་དང་། ས་སྐྱ་སྨན་ཁང་། ཏཱ་ར་དགེ་རྩ་སོགས་ལ་ཕན་རླབས་དགེ་ཕན་ཡོང་བཅས་ལ་འབོད་བཞིན་ཡོད།  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*