༧སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ་མཆོག་ལ་དྭགས་ལ་ཆིབས་བསྒྱུར་གནང་འདུག

ཁ་རྩང་༧སྐྱབས་མཆོག་ངོར་ཐར་རྩེ་མཁན་ཆེན་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་ལ་དྭགས་མང་སྤྲོ་དགོན་ཡུལ་གཉིས་དང་། ལ་དྭགས་དཔལ་ས་སྐྱའི་སྦྱིན་བདག་ལྷན་རྒྱས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། དེ་རིང་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ལ་དྭགས་མང་སྤྲོ་དགོན་དུ་ཆིབས་བསྒྱུར་གནང་བ་དང་། རྡོ་རྗེ་སློབ་དཔོན་འཇམ་དབྱངས་མཐར་ཕྱིན་དང་། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་དཔལ་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་དང་། ཡུལ་གྱི་མགོ་པ་གཙོས་སྐྱ་སེར་ཡོངས་ནས་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་རྟེན་ཕྱིར་མཎྜལ་རྟེན་གསུམ་འབུལ་གནང་བ་དང་། དེ་རིང་རིན་པོ་ཆེ་མཆོག་གིས་མི་མང་ལ་ཚེ་དབང་གནང་བ་དང་།  ད་ལན་རིན་པོ་ཆེ་མཆོག་ལ་དྭགས་ལ་ཐེངས་གཉིས་པ་ཆིབས་བསྒྱུར་གནང་བ་རེད་འདུག  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*