བསྟོད་ཚོགས།

མི་འཇིགས་སེང་གེའི་ང་རོ།

2022 ལོའི་ཟླ 9 ཚེས 26 ཉིན། ཕར་ནང་དཀོན་རྒྱས་ 0

སྙིགས་མའི་དུས་སུ་བཞུགས་པ་དམ་པའི་ཏོག །
མཚན་མཆོག་གསུམ་གྱི་བདག་ཉིད་ལྷག་པའི་ལྷ། །
ཟབ་རྒྱས་ཆོས་ཀྱི་དབྱིངས་ལ་རྣམ་རྟོག་གྲོལ། །
འདྲེན་མཆོག་ངག་དབང་དཔལ་འབར་ཁྱེད་ལ་གུས། །
སྐུ་ལ་མཚན་དཔེའི་གཟི་འོད་མངོན་ཞིང་བརྗིད། །
གསུང་ནི་འགག་མེད་ལམ་ནས་དབྱངས་ཀྱིས་ཕྱུག །
ཐུགས་རྗེ་ཟག་མེད་ཚོགས་ལ་དབང་འབྱོར་བ། །
ཡོན་ཏན་ལུས་རྫོགས་མངའ་བ་ཁྱེད་ལ་འདུད། །
དཔལ་ལྡན་དྲི་མ་མེད་པའི་ལུས་སྟོབས་ཅན། །
གཙང་ལ་ལུང་རྟོགས་ཟུང་གི་བསྟན་པ་སྤེལ། །
འདོད་པའི་ཆོས་ཆར་འཇོ་བའི་ལྷ་མཆོག་དེ། ། དེ་ལས་མང་་་

བཅད་རྩོམ།

ཚོར་བས་སྒྲུག་པའི་མགུར།

2022 ལོའི་ཟླ 9 ཚེས 21 ཉིན། ཕར་ནང་དཀོན་རྒྱས་ 0

ལྷ་སར་ནད་ཀྱིས་བཟུང་ཞིང་།།
ཕོ་བྲང་སེམས་གཅོང་མནར་དུས།།
སྐྱིད་ཆུའི་སྤྱན་ཆབ་མ་གཏོགས།།
མྱ་ངན་མཐོང་མི་མི་འདུག།
ཁ་སང་རེ་བའི་མིག་གིས།།
ལྷ་སའི་ཁུ་བྱུག་སྒུག་ཡོད།།
དེ་རིང་དབུས་གཙང་ཕྱོགས་ནས།།
ཁྭ་ཏས་ཐན་སྐད་ཁྱེར་སོང་།།
ཕོ་བྲང་སྨྲེང་ནས་བཤུམ་ཞིང་།།
སྐྱིད་ཆུ་སྐྱོ་ནས་བཞུད་ཀྱང་།།
སྐྱིད་ཤོད་འོ་ཐང་གཞུང་ལ།།
སྤྲིན་ནག་དཀྲིགས་དོན་གང་རེད།།
སྟོན་ཟླ་ཚེས་པ་སྔ་བས།།
སེར་བའི་རྗེས་ཀྱི་སྐྱིན་ཐང་།།
དབུས་ལ་འབབ་པ་མང་བ།།
ལྷ་སར་བརྙས་པ་ཨེ་རེད།། དེ་ལས་མང་་་

བཅད་རྩོམ།

སེམས་ཁུང་གི་མེ་ཏོག

2022 ལོའི་ཟླ 9 ཚེས 12 ཉིན། ཕར་ནང་དཀོན་རྒྱས་ 0

དགའ་བ་དབྱར་གཞུང་གི་རྩྭ་ཐང་ཡིན་ན། །
ཕྱེ་ལེབ་དང་གཡུ་སྦྲང་གིས་གཤོག་ཟུང་ངོམ་དུས། །
སེམས་ཁུང་གི་མེ་ཏོག
ཁྱོད་ནི་ངའི་སེམས་ཀྱི་མེ་ཏོག་དམར་པོ་ཡིན། །

དུང་བ་དགུན་གསུམ་གི་ཁ་བ་ཡིན་ན། །
དྭངས་གཙང་གི་མཚོ་མོ་ལ་ཤེལ་དཀར་གི་གུང་ཁང་འཕུབ་དུས། །
སེམས་ཁུང་གི་མེ་ཏོག
ཁྱོད་ནི་ངའི་དྲོད་སྐྱིད་ཀྱི་ཉི་འོད་དམར་པོ་དེ་ཡིན།

རེ་བ་སྟོན་གསུམ་གི་འབྲས་བུ་ཡིན་ན། །
རི་ལུང་ཡོངས་སུ་གསེར་ལྡན་གི་ན་བཟའ་བཀླུབ་དུས། །
སེམས་ཁུང་གི་མེ་ཏོག དེ་ལས་མང་་་

བཅད་རྩོམ།

མེས་པོའི་མཁར་རྫོང་།

2022 ལོའི་ཟླ 9 ཚེས 12 ཉིན། ཕར་ནང་དཀོན་རྒྱས་ 0

ལྷ་གཅི༵ག་ཕྱག་ན་པད་མོའི་འདུལ་བྱ་ཡི་ཞིང་འདིར།།
ལུགས་གཉི༵ས་མངའ་ཐང་དར་བའི་ཡང་རྩེ་རུ་སོན་དུས།།
སྲིད་གསུ༵མ་དབང་དུ་འདུ་པའི་རྟེན་འབྲེལ་གྱི་ཆེད་དུ།།
ཕྱོགས་བཞི༵་ཟིལ་གྱིས་གནོན་པའི་ཕོ་བྲང་འདི་བཞེངས་ཡོད།།

མི༵་ཟིན་ལོ་ཟླའི་འཕེལ་འགྲིབ་འབེལ་པོ་ཡི་ཁྲོད་ནས།།
མི༵་འདོད་ལོ་རྒྱུས་མཁར་རྫོང་གོག་རལ་དུ་གྱུར་ཀྱང་།།
མི༵་འགྱུར་བརྟན་པོར་འགྱིང་བའི་མེས་པོ་ཡི་ཕ་མཁར།།
མི༵་ནུབ་སྲིད་མཐའི་དབར་དན་རྟགས་སུ་བཞུགས་ཤིག།

སྡེར་ལྔ༵འི་ཁྲི་ལ་འགྱིང་བའི་མེས་པོ་ཡི་ཚོགས་ཀྱི།།
ཚོགས་དྲུ༵ག་ དེ་ལས་མང་་་

གསར་འགྱུར།

འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་རྣམ་ཐར་དང་ཁོང་གི་འགྱུར་ཆོས་ངོ་སྤྲོད།

2022 ལོའི་ཟླ 9 ཚེས 7 ཉིན། གདོང་མཁན། 0

འཕགས་ཡུལ་དཔལ་ས་སྐྱའི་གསང་ཆེན་རྒྱུད་ཀྱི་བཤད་གྲྭ་ནང་དུ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་རིག་གནས་རབ་འབྱམས་པ་དང་། རྩོམ་རིག་ཆེད་སྦྱོང་། ལོ་རྒྱུས་གཙུག་ལག་རབ་འབྱམས་པ་བཅས་བསླབ་པ་མཐར་སོན་པའི་དགེན་ངག་དབང་མཁས་གྲུབ་ལགས་ཀྱིས་འདི་ཟླའི་ཚེས་ ༥ དང་ཚེས་ ༦ གཉིས་ཀྱི་དགོང་མོ་ཕྱག་ཚོད་ ༧ ནས་ ༩ བར་ཉིན་གཉིས་ལ། <<འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་རྣམ་ཐར་དང་ཁོང་གི་འགྱུར་ཆོས་ངོ་སྤྲོད།>> ཅེས་པའི་བརྗོད་གཞི་ཐོག་ཏུ་གཏམ་བཤད་ དེ་ལས་མང་་་

གསར་འགྱུར།

༧ དཔལ་ས་སྐྱའི་ཕུར་སྒྲུབ་ཆེན་མོ་ཚོགས་བཞིན་པ།

2022 ལོའི་ཟླ 9 ཚེས 6 ཉིན། གདོང་མཁན། 0

ཁ་རྩང་ཕྱི་ཚེས ༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད། ༤ ཙམ་ལ་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གཉིས་པ་གཙོས་སྟོན་འཁོར་ལྷན་རྒྱས་ཆོས་སྒར་སྒྲོལ་མ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་གནང་བ་དང་། ཕྱི་ཚེས། ༣ དང་༤ བཅས་ལ་དཔལ་ཆེན་ཕུར་པ་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་སྔོན་དུ་འཆམས་རྒྱུགས་གནང་སྲོལ་ལྟར་འཆམ་རྒྱུགས་གནང་། ཕྱི་ཚེས ༥ ནས་དབུ་འཛུགས་ཐོག་ནས་ཕུར་པའི་རྩ་འཆམ་དངོང་གཞི་བཅས་ཀྱི་ཆོས་བརྡ་ཐོན་འདུག དེ་ལས་མང་་་