འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་རྣམ་ཐར་དང་ཁོང་གི་འགྱུར་ཆོས་ངོ་སྤྲོད།

འཕགས་ཡུལ་དཔལ་ས་སྐྱའི་གསང་ཆེན་རྒྱུད་ཀྱི་བཤད་གྲྭ་ནང་དུ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་རིག་གནས་རབ་འབྱམས་པ་དང་། རྩོམ་རིག་ཆེད་སྦྱོང་། ལོ་རྒྱུས་གཙུག་ལག་རབ་འབྱམས་པ་བཅས་བསླབ་པ་མཐར་སོན་པའི་དགེན་ངག་དབང་མཁས་གྲུབ་ལགས་ཀྱིས་འདི་ཟླའི་ཚེས་ ༥ དང་ཚེས་ ༦ གཉིས་ཀྱི་དགོང་མོ་ཕྱག་ཚོད་ ༧ ནས་ ༩ བར་ཉིན་གཉིས་ལ། <<འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་རྣམ་ཐར་དང་ཁོང་གི་འགྱུར་ཆོས་ངོ་སྤྲོད།>> ཅེས་པའི་བརྗོད་གཞི་ཐོག་ཏུ་གཏམ་བཤད་དང་དྲི་བ་དྲིས་ལན་བཅས་རྒྱས་པར་གནང་འདུག་ལ། དེ་སྐབས་དཔལ་ས་སྐྱའི་གསང་ཆེན་རྒྱུད་ཀྱི་བཤད་གྲྭའི་ལས་ཐོག་མཁན་པོ་སྐལ་བཟང་མགོན་པོ་མཆོག་དང་། མཁན་པོ་དང་སྤྲུལ་སྐུ། དགེ་རྒན། སྐྱོར་དཔོན་རྣམས་ཀྱིས་གཙོས་པའི་བཤད་གྲྭའི་དགེ་འདུན་འདུས་སྡེ་དང་། ཟུར་ཉན་པ་ཁག་ཅིག་བཅས་ལྷན་འཛོམས་གནང་ཡོད་པ་མ་ཟད། དྲི་བ་དང་དྲིས་ལན་གྱི་ལས་རིམ་ཡང་རྒྱས་པར་གནང་འདུག འདི་ནི་ལོ་རྒྱུས་གཙུག་ལག་རབ་འབྱམས་པ། ངག་དབང་མཁས་གྲུབ་ལགས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་སློབ་མཐར་སོན་པའི་རྗེས་ཀྱི་གཏམ་བཤད་ཐོག་མ་ཡང་ཡིན་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*