རི་བོ་རྩེ་ལྔ་སོ་སོའི་རིགས་སུ་མཐུན་པའི་བསྟོད་པ།
༄༅། །ན་མོ་མཉྫུ་གྷོ་ཥཱ་ཡ། བྱམས་པའི་ལྟེ་བ་རབ་ཏུ་བརྟན་ཞིང་མཐུ་སྟོབས་རྣོ་བའི་རྩིབས་སྟོང་ལྡན། །ཕན་བདེའི་མུ་ཁྱུད་རྒྱ་ཆེན་གྱིས་བསྐོར་སྨོན་ལམ་ཤུགས་ཀྱིས་ལེགས་རྒྱུ་ཞིང༌། །བདག་ཏུ་ལྟ་བའི་རི་བོ་རབ་བསྙིལ་ཕས་རྒོལ་དཔུང་གི་ཚོགས་འཇོམས་པ། །འཇམ་དཔལ་འཁོར་ལོར་གྲགས་པའི་མཚན་ཅན་སྐྱོབ་པ་མཆོག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་གང་ཐུགས་གཉིས་མེད་ཡེ་ཤེས་སྣ་ཚོགས་རྟོགས་པས་མི་ཕྱེད་ཅིང༌། །མཁྱེན་པའི་མེ་འོད་འབར་བའི་ཟེར་འཕྲོ་སྲིད་པའི་རི་བོ་རབ་འཇིག་ཅིང༌། །བདུད་ཀྱི་གྲོང་ དེ་ལས་མང་་་
