ནུབ་ཕྱོགས་ཀླུའི་གཏོར་མ།

༼བ༽

༄༅། །ནུབ་ཕྱོགས་ཀླུའི་གཏོར་མ་བཞུགས།།

༄༅། །དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །ནུབ་ཏུ་དྲི་ཡི་དཀྱིལ་འཁོར་ལ། །མེ་ཏོག་སེར་དང་དཀར་པོས་མཆོད། །འོ་མ་ཁྲག་བསྲེས་མངར་གསུམ་དང༌། །འོ་མས་བཀང་བའི་གསེར་སྣོད་དབུལ། །ཙནྡན་དམར་པོ་ལ་སོགས་པའི་རང་བཞིན་ལས་གྲུབ་པའི་དྲིའི་དཀྱིལ་འཁོར་ཟླུམ་པོར་བྱས་པའི་དབུས་སུ་མེ་ཏོག་གི་ཚོམ་བུའམ་ཐིག་ལེ་སུམ་ཅུ་རྩ་གཅིག་བཀོད་ལ། རང་ཉིད་འཇིག་རྟེན་དབང་ཕྱུག་ལ་སོགས་པའི་ང་རྒྱལ་བསྒོམས་ཤིང་བཟླས་པ་བྱས་ལ། མཆོད་པ་བྱིན་གྱིས་བརླབས་ནས། སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་དང་མཚན་མ་རྣམས་ཞལ་ཡས་ཁང་དང་ཀླུའི་གཙོ་བོ་སུམ་ཅུ་རྩ་གཅིག་ཏུ་བསྐྱེད་ལ། ཨོཾ་བཱ་ཏ་ལི་མ་ཧཱ་བཱ་ཏ་ལི་ཧཱུྃ་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ། ཨོཾ་ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང༌། །དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་མོ་དང༌། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང༌། །སོག་མ་མེད་དང་ཧུ་ལུན་ཏ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང༌། །ཚ་བ་ཚ་བ་ཆེན་པོ་དང༌། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང༌། །གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང༌། །ལྟོ་འཕྱེ་དང་ནི་སྨིག་རྒྱུ་དང༌། །སྨིག་རྒྱུ་ཆེན་པོ་པ་རྣམས་དག །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །དངོས་སྒྲུབ་དོན་དུ་བཞུགས་སུ་གསོལ། །ཨོཾ་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ་མ་ཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷུརྦྷུ་བ་ཕྲུཾ་ཕྲུཾ་སྭཱ་ཧཱ། ཞེས་པས་ལན་གསུམ་གྱིས་སྤྱན་དྲངས་ནས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་སོ་སོ་ལ་གདན་ཕུལ་ནས། སོ་སོ་ལ་མཆོད་པ་དང་གཏོར་མ་དབུལ་བར་བྱ་སྟེ། སོ་སོའི་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་ལྡན་པས། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །ཀླུ་རྒྱལ་མཐའ་ཡས་ཉིད་ལ་དབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་ཨ་ནནྟཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། དེ་བཞིན་དུ་མེ་ཏོག་དང༌། སྤོས་དང༌། དྲི་དང༌། མར་མེ་དང༌། ཞལ་ཟས་དང༌། རོལ་མོ་དང༌། གདུགས་དང༌། བ་དན་རྣམས་ལ་སྦྱར་ཏེ་དབུལ་བར་བྱའོ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ། །མཐེ་བོང་མཐེའུ་ཆུང་སྦྲེལ་བར་བྱ། །ལག་པ་གཡས་ནི་རབ་ཕྱེ་སྟེ། །སྦྲུལ་གྱི་གདུགས་ཀྱི་ཚུལ་དུ་སྦྱར། །ཨོཾ་བྷཀྵ་ཡ་བྷཀྵ་ཡ་ས་མཱ་ཡ་ཏིཥྛཱ་ཛཿཛྲུཾ་ཧཱུྃ་ཕྲུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་དབུལ་ལོ། །དེ་བཞིན་དུ་ནོར་རྒྱས་བུ་ལ་དབུལ་བར་བགྱི། །ཨོཾ་བ་སུ་ཀཱ་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཀླུ་རྒྱལ་འཇོག་པོ་ཉིད་ལ་དབུལ། །ཨོཾ་ཏཱཀྵ་ཀཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། སྟོབས་ཀྱི་རྒྱུ་ལ་དབུལ་བར་བགྱི། །ཨོཾ་ཀེརྐོ་ཊཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཀླུ་རྒྱལ་པདྨ་ཉིད་ལ་དབུལ། །ཨོཾ་པདྨཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། པདྨ་ཆེན་པོ་ཉིད་ལ་དབུལ། །ཨོཾ་མ་ཧཱ་པདྨཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཀླུ་རྒྱལ་དུང་སྐྱོང་ཉིད་ལ་དབུལ། །ཨོཾ་ཤཾ་ཁ་པཱ་ལཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཀླུ་རྒྱལ་རིགས་ལྡན་ཉིད་ལ་དབུལ། །ཨོཾ་ཀུ་ལི་ཀཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཀླུ་རྒྱལ་ལྷ་མོ་ཉིད་ལ་དབུལ། །ཨོཾ་དེ་བ་ཏཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ལྷ་མོ་ཆེན་མོ་ཉིད་ལ་དབུལ། །ཨོཾ་མ་ཧཱ་དེ་བ་ཏཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཟླ་བའི་སྤྱི་གཙུག་ཉིད་ལ་དབུལ། །ཨོཾ་སཽ་མ་ཤི་ཁཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། སྤྱི་གཙུག་ཆེན་པོ་ཉིད་ལ་དབུལ། །ཨོཾ་མ་ཧཱ་ཤི་ཁཱ་ཡ་གྲྀཎྜེ་དཾ་ཨརྒྷཾ་སྭཱ་ཧཱ། ཀླུ་རྒྱལ་དབྱུག་འཛིན་ཉིད་ལ་དབུལ། །ཨོཾ་དཎྜ་དྷཱ་རཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། དབྱུག་འཛིན་ཆེན་པོ་ཉིད་ལ་དབུལ། །ཨོཾ་མ་ཧཱ་དཎྜ་དྷཱ་རཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཀླུ་རྒྱལ་སོག་མ་མེད་ལ་དབུལ། །ཨོཾ་ཨ་བཱ་ལ་ལཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཀླུ་རྒྱལ་ཧུ་ལུནྟ་ལ་དབུལ། །ཨོཾ་ཧུ་ལུནྟ་ཡ་གྲྀཎྜེ་དཾ་ཨརྒྷཾ་སྭཱ་ཧཱ། ཀླུ་རྒྱལ་དགའ་བོ་ཉིད་ལ་དབུལ། །ཨོཾ་ནནྟཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཀླུ་རྒྱལ་རྒྱ་མཚོ་ཉིད་ལ་དབུལ། །ཨོཾ་སཱ་ག་རཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། རྒྱ་མཚོ་ཆེན་པོ་ཉིད་ལ་དབུལ། །ཨོཾ་མ་ཧཱ་སཱ་ག་རཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཀླུ་རྒྱལ་ཚ་བ་ཉིད་ལ་དབུལ། །ཨོཾ་ཏཔྟཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཚ་བ་ཆེན་པོ་ཉིད་ལ་དབུལ། །ཨོཾ་མ་ཧཱ་ཏཔྟཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཀླུ་རྒྱལ་དཔལ་གྱི་འོད་ལ་དབུལ། །ཨོཾ་ཤྲཱི་ཀཱནྟཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཀླུ་རྒྱལ་འོད་པོ་ཆེ་ལ་དབུལ། །ཨོཾ་མ་ཧཱ་ཀཱནྟཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཀླུ་རྒྱལ་རིན་ཆེན་འོད་ལ་དབུལ། །ཨོཾ་རཏྣ་ཀཱནྟཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཀླུ་རྒྱལ་གཟུགས་མཛེས་ཉིད་ལ་དབུལ། །ཨོཾ་སཱུ་རཱུ་པཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། །གཟུགས་མཛེས་ཆེན་པོ་ཉིད་ལ་དབུལ། ཨོཾ་མ་ཧཱ་སཱུ་རཱུ་པཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཀླུ་རྒྱལ་སྦྲུལ་བཟང་ཉིད་ལ་དབུལ། ཨོཾ་བྷ་དྲ་དེ་ཧི་ཀཾ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཀླུ་རྒྱལ་ལྟོ་འཕྱེ་ཉིད་ལ་དབུལ། །ཨོཾ་མ་ཧོ་ར་གཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཀླུ་རྒྱལ་སྨིག་རྒྱུ་ཉིད་ལ་དབུལ། །ཨོཾ་ཚི་ལི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། སྨིག་རྒྱུ་ཆེན་པོ་ཉིད་ལ་དབུལ། །ཨོཾ་མ་ཧཱ་ཚི་ལི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། དེ་ལྟར་མཆོད་པ་དང་གཏོར་མས་མཉེས་པར་བྱས་ནས། མཆོད་སྦྱིན་གཏོར་མ་འདི་སྣམས་ལ། །ཞེས་པ་རྣམས་ཀྱིས་ཕྲིན་ལས་བཅོལ་ལ། སོ་སོའི་རྒྱུད་བསྐུལ་ནས་དངོས་གྲུབ་བླང་བའི་དོན་དུ་སྔགས་ཀྱི་བཟླས་པ་བྱ་སྟེ། ཨོཾ་ཨ་ན་ནྟཱ་ཡ་སྭཱ་ཧཱ། ཨོཾ་བ་སུ་ཀཱ་ཡ་སྭཱ་ཧཱ། ཨོཾ་ཏཱཀྵ་ཀཱ་ཡ་སྭཱ་ཧཱ། ཨོཾ་ཀརྐོ་ཊཱ་ཡ་སྭཱ་ཧཱ། ཨོཾ་པདྨཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་པདྨཱ་ཡ་སྭཱ་ཧཱ། ཨོཾ་ཤཾ་ཁ་པཱ་ལཱ་ཡ་སྭཱ་ཧཱ། ཨོཾ་ཀུ་ལི་ཀཱ་ཡ་སྭཱ་ཧཱ། ཨོཾ་དེ་བ་ཏཱི་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་དེ་བ་ཏཱི་ཡ་སྭཱ་ཧཱ། ཨོཾ་སཽ་མ་ཤི་ཁཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་ཤི་ཁཱ་ཡ་སྭཱ་ཧཱ། ཨོཾ་དཎྜ་དྷཱ་རཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་དཎྜ་དྷཱ་རཱ་ཡ་སྭཱ་ཧཱ། ཨོཾ་ཨ་བཱ་ལ་ལཱ་ཡ་སྭཱ་ཧཱ། ཨོཾ་ཧུ་ལུནྡཱ་ཡ་སྭཱ་ཧཱ། ཨོཾ་ནནྡཱ་ཡ་སྭཱ་ཧཱ། ཨོཾ་ཨུ་པ་ནནྡཱ་ཡ་སྭཱ་ཧཱ། ཨོཾ་སཱ་ག་རཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་སཱ་ག་རཱ་ཡ་སྭཱ་ཧཱ། ཨོཾ་ཏཔྟཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་ཏཔྟཱ་ཡ་སྭཱ་ཧཱ། ཨོཾ་ཤྲཱི་ཀཱནྟཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱནྟཱ་ཡ་སྭཱ་ཧཱ། ཨོཾ་རཏྣ་ཀཱནྟཱ་ཡ་སྭཱ་ཧཱ། ཨོཾ་སཱུ་རཱུ་པཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་སཱུ་རཱུ་པཱ་ཡ་སྭཱ་ཧཱ། ཨོཾ་བྷ་དྲ་དེ་ཧི་ཀཾ་སྭཱ་ཧཱ། ཨོཾ་མ་ཧོ་ར་ག་ཡེ་སྭཱ་ཧཱ། ཨོཾ་ཚི་ལི་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་ཚི་ལི་ཡེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་རྣམས་རེ་རེ་ལའང་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླའོ། །སླར་ཡང་མཆོད་དེ་དངོས་གྲུབ་བླངས་ལ་བཟོད་པར་གསོལ་ནས། ཨོཾ་ཨ་ནནྟ་གཙྪ་ཞེས་ཀུན་ལ་སྦྱར་ཏེ་གཤེགས་སུ་གསོལ་ལོ། །རིམ་པ་འདི་ཉིད་ཀྱིས་ཐུན་གསུམ་མམ་བཞི་ལ་སོགས་པས་གཏོང་ངོ༌། །ཡོངས་སུ་རྫོགས་པ་དང་ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །ཤིན་ཏུ་བསྡུས་ཏེ་གཏོང་བར་འདོད་ན་སྤྱན་འདྲེན་པའི་ཚིགས་སུ་བཅད་པ་དང༌། སྔགས་ཀྱིས་སྤྱན་དྲངས་པའི་མཐར། ཨོཾ་བྷཀྵ་ཡ་བྷཀྵ་ཡ་ཞེས་བྱ་བ་ལ་སོགས་པའི་སྔགས་འབའ་ཞིག་གིས་ཕུལ་ནས་ཕྲིན་ལས་བཅོལ་ལ་གཤེགས་སུ་གསོལ། རྒྱས་པ་དང་བསྡུས་པ་གཉིས་ཆར་གྱིས་ཕྲིན་ལས་བཅོལ་བའི་མཐར་ཆོས་ཀྱི་སྦྱིན་པ་དང༌། བདེན་པའི་སྟོབས་བརྗོད་པར་བྱའོ། །ནུབ་ཕྱོགས་སུ་བྱ་བ་ཀླུ་ཐམས་ཅད་པའི་གཏོར་མའི་ཆོ་ག་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*