བདེ་བ་ཅན་དང་དམྱལ་བའི་ཁམས་གཉིས་ཉེ་མཚེས་ཡིན།
གཏམ་རྒྱུད་ཅིག་ཡོད་པ་དེ་མཚོན་དོན་གྱི་རོ་བྲོ་ཕུན་སུམ་ཚོགས་ཤིང་ང་ལའང་མྱོང་ཚོར་ཟབ་མོ་བྱུང་།གཏམ་རྒྱུད་ནི་འདི་ལྟ་སྟེ། གནའ་བོའི་ཡོ་རོབ་ཀྱི་མི་ཞིག ཚེ་རྫོགས་ལ་ཡོད་དུས་རང་ཉིད་ནི་ཡིད་སེམས་འགུགས་ཤིང་ཡོད་ཚད་ལོངས་སུ་སྤྱོད་ནུས་པའི་ཡུལ་གྲུ་ཞིག་ལ་འབྱོར་སོང་བ་རྟོགས། ཁོ་རང་བདེ་བ་ཅན་གྱི་གནས་དེར་ཐོན་མ་ཐག་བལྟས་ཚོད་དུ་ཞབས་གཡོག་པའི་བཟོ་ལྟ་ཅན་གྱི་མི་ཞིག་འབྱོར་ཏེ་ཁོ་ལ་འདི་སྐད་དུ་དྲིས་བྱུང་། “སྐུ་ཞབས།ཁྱེད་ལ་གང་ཞིག་ དེ་ལས་མང་་་
