དཔལ་ས་སྐྱའི་ཁྲི་རབས་རིམ་བྱོན་གྱི་མཚན་བྱང་།

༧རྒྱལ་བ་གཉིས་པ༧རྗེ་བཙུན་༧ས་སྐྱ་པའི༧མཚན་མཆོག་གསུམ་ལྡན་འཁོན་རིགས་ཀྱི༧ཁྲི་རབས་རིམ་བྱོན་གྱི་མཚན་བྱང་།
དང་པོ། རྡོ་རྗེ་འཆང་འཁོན་དཀོན་མཆོག་རྒྱལ་པོ།
གཉིས་པ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ།
གསུམ་པ། རྗེ་བཙུན་ས་ཆེན་ཀུན་དགའ་སྙིང་པོ། ( བླ་བྲང་དང་པོ་སྒོ་རུམ་གཟིམ་སྤྱིལ་ལྷ་ཁང་། ཡང་ན་བླ་བྲང་། ཡང་ན་ཕོ་བྲང་། ས་ཆེན་གྱིས་བཏབ།)
བཞི་པ། རྗེ་བཙུན་སློབ་དཔོན་བསོད་ནམས་རྩེ་མོ།
ལྔ་པ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན།
དྲུག་པ། རྗེ་བཙུན་འཇམ་མགོན་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན།
བདུན་པ། རྗེ་བཙུན་འགྲོ་མགོན་ཆོས་རྒྱལ་འཕཊ་པ།
བརྒྱད་པ། རྗེ་བཙུན་རིན་ཆེན་རྒྱལ་མཚན།
དགུ་པ། རྗེ་བཙུན་ངྷརྨ་པཱ་ལ་རཀྵི་ཏ་ཆོས་སྐྱོང་སྲུང་མ།
བཅུ་པ། རྗེ་བཙུན་ཤར་ཆེན་རིན་ཆེན་རྒྱལ་མཚན།
བཅིུག་པ། རྗེ་བཙུན་བདག་ཉིད་ཆེན་མོ་བཟང་པོ་དཔལ། (ཁྲི་རབས་འདི་ནས་བླ་བྲང་བཞི་བྱུང་།)
བཅིུས་པ། རྗེ་བཙུན་མཁས་བཙུན་ཆེན་པོ་ནམ་མཁའ་ལེགས་པོ་རྒྱལ་མཚན།
བཅུ་གསུམ་པ། རྗེ་བཙུན་བདག་ཉིད་ཆེན་པོ་འཇམ་དབྱངས་དོན་ཡོད་རྒྱལ་མཚན།
བཅུ་བཞི་པ། རྗེ་བཙུན་དཔལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན།
བཅུ་ལྔ་པ། རྗེ་བཙུན་ཏཱ་དབེན་བློ་གྲོས་རྒྱལ་མཚན།
བཅུ་དྲུག་པ།རྗེ་བཙུན་ཏཱ་དབེན་ཀུན་དགའ་རིན་ཆེན།
བཅུ་བདུན་པ།རྗེ་བཙུན་གཞི་ཐོག་པ་བློ་གྲོས་རྒྱལ་མཚན།
བཅོ་བརྒྱད་པ། རྗེ་བཙུན་འཇམ་དབྱངས་ནམ་མཁའ་རྒྱལ་མཚན།
བཅུ་དགུ་པ། རྗེ་བཙུན་སློབ་དཔོན་ཀུན་དགའ་དབང་ཕྱུག
ཉི་ཤུ་པ།རྗེ་བཙུན་རྒྱ་གར་ཤེས་རབ་རྒྱ་མཚན།
ཉེར་གཅིག་པ། རྗེ་བཙུན་བདག་ཉིད་བློ་གྲོས་རྒྱལ་མཚན།
ཉེར་གཉིས་པ། རྗེ་བཙུན་ས་ལོ་འཇམ་དབྱངས་རྡོ་རྗེ་ཀུན་དགའ་བསོད་ནམས།
ཉེར་གསུམ་པ།རྗེ་བཙུན་སྔགས་འཆང་ཆེན་པོ་ཀུན་དགའ་རིན་ཆེན།
ཉེར་བཞི་པ། རྗེ་བཙུན་འཇམ་དབྱངས་བསོད་ནམས་དབང་པོ།
ཉེར་ལྔ་པ། རྗེ་བཙུན་སྔགས་འཆང་གྲགས་པ་བློ་གྲོས་དཔལ་བཟང་པོ།
ཉེར་དྲུག་པ། རྗེ་བཙུན་ཀུན་དགའ་དབང་རྒྱལ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ།
ཉེར་བདུན་པ། རྗེ་བཙུན་ངག་དབང་ཀུན་དགའ་བསོད་ནམས། ( གདུང་རབས་རིན་ཆེན་བང་མཛོད་མཛད་པ་པོ། )
ཉེར་བརྒྱད་པ། རྗེ་བཙུན་ངག་དབང་བསོད་ནམས་དབང་ཕྱུག
ཉེར་དགུ་པ།རྗེ་བཙུན་ངག་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན།
སུམ་ཅུ་པ། རྗེ་བཙུན་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན།
སོ་གཅིག་པ། རྗེ་བཙུན་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་བློ་གྲོས།(གདུང་རབས་རིན་ཆེན་བང་མཛོད་ཀྱི་ཁ་སྐོང་མཛད་པ་པོ།)
སོ་གཉིས་པ། རྗེ་བཙུན་འགྲོ་མགོན་དབང་སྡུད་སྙིང་པོ། (འདིའི་སྲས་ངག་དབང་ཀུན་དགའ་རིན་ཆེན་གྱིས་ཕུན་ཚོགས་ཕོ་བྲང་བཏབ།)
སོ་གསུམ་པ། རྗེ་བཙུན་པདྨ་བདུད་འདུལ་དབང་ཕྱུག(འདིའི་སྲས་བཀྲ་ཤིས་རིན་ཆེན་གྱིས་སྒྲོལ་མ་ཕོ་བྲང་བཏབ།)
སོ་བཞི་པ།རྗེ་བཙུན་ངག་དབང་རྡོ་རྗེ་རིན་ཆེན།
སོ་ལྔ་པ། རྗེ་བཙུན་ཐེག་ཆེན་བཀྲ་ཤིས་རིན་ཆེན།
སོ་དྲུག་པ། རྗེ་བཙུན་ངག་དབང་ཀུན་དགའ་བསོད་ནམས།
སོ་བདུན་པ། རྗེ་བཙུན་ཀུན་དགའ་སྙིང་པོ་བསམ་འཕེལ་ནོར་བུ།
སོ་བརྒྱད་པ། རྗེ་བཙུན་འཛམ་གླིང་ཆེ་རྒུ་དབང་སྡུད།
སོ་དགུ་པ།རྗེ་བཙུན་དྲག་ཤུལ་འཕྲིན་ལས་རིན་ཆེན། ( གདུང་རབས་རིན་ཆེན་བང་མཛོད་ཡང་སྐོར་མཛད་པ་པོ།)
བཞི་བཅུ་པ། རྗེ་བཙུན་ངག་དབང་མཐུ་སྟོབས་དབང་ཕྱུག
ཞེ་གཅིག་པ། ༧ སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་དཔལ་ཟང་པོ།
ཞེ་གཉིས་པ། ༧ སྐྱབས་མགོན་རཏྣ་བཛྲ་རིན་པོ་ཆེའམ་ངག་དབང་ཀུན་དགའ་བློ་གྲོས་དབང་ཕྱུག་རིན་ཆེན་འཇིགས་མེད་འཕྲིན་ལས་རྡོ་རྗེ།
འཇམ་མགོན་བླ་མ་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་སྐུ་མྱ་ངན་ལས་འདས་ནས་མི་ལོ་ཧྲིལ་བོ་༧༦༣འཁོར་བའི་དུས་བཟང་འདིར་གུས་པ་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཀྱིས་སྒྲིག
ས་པཎ་གྱི་འཁྲུངས་ལོ། རབ་བྱུང་གསུམ་པ། ཆུ་སྟག་ལོ ༡༡༨༢ འདས་ལོ། རབ་བྱུང་བཞི་པ། ལྕགས་ཕག ༡༢༥༡

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན། 2

  1. ང་ནི་གསེར་མདོག་པཎ༌ཆེན་ཤཱཀྱ་མཆོག་ལྡན་གྱི་དབུ་མའི་ལྟ་བའི་སྐོར་ལ་ཞིབ་འཇུག་བྱེད་མཁན་གྱི་ཉི་ཧོང་གི་མི་ཞིག་ཡིན། ས་སྐྱ་གོང་མ་རྣམ་ལྔ་སོགས་ཀྱི་བསྟན་བཅོས་སློབ་ཁྲིད་བྱས་ཏེ་སྒྲ་བླངས་པ་དྲ་ཚིགས་འདིར་འཇོག་རྒྱུར་རེ་སྒུག་སྙིང་ནས་ཆེ།

    • མཁྱེན་ལྡན་ཡངས་པའི་ taro ལགས། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་དབུ་མའི་ལྟ་གྲུབ་བསྐོར་ལ་ཉམས་ཞིབ་དང་ཐོས་བསམ་གནང་བར་བཀའ་དྲིན་བླ་མེད་ཆེ་ཞུ་ན་འདོད། མུ་མཐུད་ནས་སློབ་གཉེར་གནང་རོགས། ཁྱེད་ཀྱིས་དགོངས་ཚུལ་ལ་ས་སྐྱ་གོང་མ་རྣམ་ལྔའི་བསྟན་བཅོས་དག་ལས་འཆད་ཁྲིད་ཀྱི་སྒྲ་སྒམ་ཡོད་མེད་ཀྱི་དོགས་འདྲི་ཐད་ལ་སྤྱིར་བཏང་གཞུང་ཆེན་བཀའ་པོད་དྲུག་གི་སྒྲ་སྒམ་མང་ཡོད་རུང་། ད་ལྟའི་ཆར་ངེད་ཚོར་དམིགས་གསལ་མེད་པས་དགོངས་སེལ་དང་སྦྲགས་རྗེས་སོར་རག་ཚེ་ཁྱེད་ལ་ཕུལ་ཆོག

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*