སྐྱབས་མགོན་༧གོང་མ་མཆོག་གི་འཁྲུངས་སྐར་བསུ།

ཀླད་གསར། རབ་བརྟན།

 

 

 

 

 

 

 

 

 

 

རིགས་རྒྱུད་དཔག་བསམ་ལྗོན་པའི་འཁྲི་ཤིང་ཅི།།
རིགས་རུས་ཕུན་སུམ་ཚོགས་པའི་ལོ་ཏོག་བཞད།།
རིགས་བདག་དཔལ་ལྡན་བླ་མ་ས་སྐྱ་པ།།
རིགས་དྲུག་འགྲོ་བའི་ཆེད་དུ་བྱོན་བའི་ཉིན།།

རྒྱལ་ཀུན་མཁྱེན་པའི་རང་གཟུགས་ས་སྐྱ་པ།།
རྒྱལ་བའི་གོང་མ་རྣམས་ལས་ཆེས་ལྷག་པའི།།
རྒྱལ་བསྟན་སྙིང་པོ་སྲོག་ལྟར་གཅེས་འཛིན་པའི།།
རྒྱལ་མཆོག་ས་སྐྱ་པ་དེ་རྒྱལ་གྱུར་གཅིག།

མཁྱེན་པའི་དཀྱིལ་འཁོར་དྭངས་གསལ་ལྷ་ལམ་ནས།།
མཁྱེན་རབ་གཉིས་སུ་མེད་པའི་ཡེ་ཤེས་ཅན།།
མཁྱེན་པའི་ཆ་ཤས་མ་ལུས་གཟིགས་མཛད་པ།།
མཁྱེན་རབ་གཉིས་ལྡན་ས་སྐྱ་པ་དེ་རྒྱལ།།

བརྩེ་བའི་བསམ་པ་འགྲོ་ཀུན་ཡང་ལ་ཁྱབ།།
བརྩེ་ཆེན་རིང་ལུགས་འཛིན་པའི་ས་སྐྱ་པ།།
བརྩེ་བའི་ཐུགས་རྗེས་ནམ་ཡང་འདར་བ་མེད།།
བརྩེེ་ཆེན་ས་སྐྱ་པ་དེ་རྒྱལ་གྱུར་གཅིག།

ནུས་པའི་སྟོབས་རྩ་མ་ལུས་སྔོན་ནས་རྫོགས།།
ནུས་མེད་སེམས་ཅན་བྱམས་པས་ལྷད་མེད་སྐྱོང་།།
ནུས་ཅན་འགྲོ་བའི་དེད་དཔོན་ས་སྐྱ་པ།།
ནུས་པའི་དབང་ལྔ་ལྡན་མཛད་ས་སྐྱ་ཆེན་རྒྱལ།།

 

 

 

 

 

 

རབ་བརྟན་པ་ངག་དབང་ཕུན་ཚོགས་སམ་ཀླད་གསར་གྱིས་བོད་2017/7/29ཉིན་གྲུབ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*