འཁྲུངས་སྐར་བསུ་བའི་དད་གསུམ་སྤྲོའི་དབྱངས།

རྩོམ་པ་པོ། མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས།

 

རིག་འཛིན་གྲུབ་པའི་དབང་ཕྱུག་པདྨ་འབྱུང་།།

རྒྱལ་ཀུན་སྙིང་རྗེ་རང་གཟུགས་སྤྱན་རས་གཟིགས།།

དངོས་སྟོབས་རིག་པའི་མཁྱེན་རབ་འཇམ་དཔལ་དབྱངས།།

གཅིག་འདུས་འཁོན་གདུང་ལྷ་ཡི་སྲས་ཀྱི་མཆོག།

མདོ་སྔགས་ཤེས་བྱའི་དཀྱིལ་འཁོར་མུ་ཁྱུད་ཅན།།

རིག་འཛིན་བརྒྱུད་པའི་མན་ངག་བདུད་རྩིའི་མཛོད།།

རབ་འབྱམས་རྒྱལ་ཀུན་ངོ་བོ་གཅིག་འདུས་པ།།

རྒྱལ་བསྟན་གྲུབ་མཐའི་དཔལ་མགོན་གཙུག་ཏུ་བཀུར།།

སྨིན་གྲོལ་འཕྲིན་ལས་རྒྱལ་བའི་མཐུ་སྟོབས་ཅན།།

དམིགས་མེད་ཐུགས་རྗེ་འགྲོ་ལ་བརྩེར་གཟིགས་ནས།།

སྙིགས་དུས་བསྟན་འགྲོའི་དཔལ་མགོན་དམ་པ་མཆོག།

ལྷ་མིའི་འགྲོ་བ་ཡོངས་ཀྱི་འདོད་རྒུའི་ཚིམ།།

ཕྱག་ན་པདྨོའི་ཞི་བདེའི་གཉེན་ཀྱི་གདུགས།།

དམ་ཚིག་འོ་ཆུ་འདྲེས་པའི་ཐུགས་བསྐྱེད་ཀྱིས།།

ཐུབ་བསྟན་སྤེལ་པའི་རླབས་ཆེན་འཕྲིན་ལས་དང་།།

ཚང་ལ་མ་ནོར་རྒྱལ་བའི་དགོངས་བཞིན་འཁྱིལ།།

བསླབ་གསུམ་ནོར་གྱི་ཕྱུག་པའི་རྗེ་བཙུན་རྗེ།།

ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་ཁྱེད།།

བདག་སོགས་གདུལ་བྱར་མུན་སེལ་རྟག་བཞུགས་ནས།།

འདོད་རྒུར་འཇོ་བའི་ཆོས་ཀྱི་འཁོར་ལོ་བགྱིས།།

དེ་ལྟར་སྙིང་མགྲིན་སུག་གསུམ་བསྟོད་པའི་དགེ།།

ལེགས་བྱང་རང་གཞན་དགེ་བའི་ཅི་མཆིས་པ།།

དཔལ་ལྡན་བླ་མའི་ཞབས་པད་བརྟན་པ་དང་།།

ཐུགས་བཞེད་ཡོངས་སུ་འགྲུབ་པའི་རྒྱུ་རུ་བསྔོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*