མཁྱེན་བརྩེས་འཚོ་བའི་ཁྲོད་ཀྱི་ཕྱིན་དྲུག་གི་ཉམས་ལེན།

       འཚོ་བའི་ཁྲོད་ཀྱི་ཕྱིན་དྲུག་གི་ཉམས་ལེན།

ཁྱེད་ཉིད་རབ་ཏུ་མ་བྱུང་ཡང་འདི་ལྟར་ཉམས་ལེན་བྱས་ཆོག་སྟེ། མི་ཚོགས་ཀྱིས་ས་འོག་ལྕགས་ལམ་ནས་འཚང་ག་རྒྱག་སྐབས། ཁྱེད་རང་ཕྱིར་ནུར་བྱས་ཏེ། མི་གཞན་སྔོན་དུ་ཐོངས་དང་འདི་ནི་སྦྱིན་པའི་ཉམས་ལེན་ཡིན། སྤྱི་གཉེར་གྱི་གྲོགས་པོའི་འདུ་འཛོམས་སྐབས་སུ་ཉེ་འཁོར་གྱི་མི་ལ་སུན་སྣང་མི་འོང་ཆེད་དུ་ཁྱེད་ཀྱིས་ཆང་མ་འཐུངས་དང་འདི་ནི་ཚུལ་ཁྲིམས་ཀྱི་ཉམས་ལེན་ཡིན། ཁྱེད་རང་ཁོང་ཁྲོས་པའི་མི་དང་ངོས་འཕྲད་པའི་སྐབས་ལ། མ་གཞི་ཁོའི་ནོར་འཁྲུལ་ཡིན་ཡང་གུས་ཞབས་ལྡན་པའི་སྒོ་ནས་ཟུར་བཤོལ་བྱོས། འདི་ནི་བཟོད་པའི་ཉམས་ལེན་ཡིན། ནམ་རྒྱུན་རང་གིས་རང་ཉིད་ལ་སྒྱིད་ལུག་བྱེད་མི་རུང་བའི་སྐུལ་མ་བྱོས་དང་འདི་ནི་བརྩོན་འགྲུས་ཀྱི་ཉམས་ལེན་ཡིན། དུས་རྒྱུན་དུ་གཟབ་ནན་གྱིས་རང་གི་རྣམ་རྟོག་གི་གཡོ་འགུལ་ལ་ལྟ་རྟོག་བྱོས། འདི་ནི་བསམ་གཏན་གྱི་ཉམས་ལེན་ཡིན། དེ་བཞིན་འདུས་བྱས་ཐམས་ཅད་མི་རྟག་པ། ཆོས་ཐམས་ཅད་བདག་མེད་པ་ཡིན་པར་བསམ་གཞིག་བྱོས་དང་འདི་ནི་ཤེས་རབ་ཀྱི་ཉམས་ལེན་ཡིན་ནོ། རང་ཉིད་ཀྱི་སྐྱོན་ཆ་ཁས་ལེན་པའི་སྙིང་སྟོབས་དང་མི་གཞན་གྱི་ཡོན་ཏན་ཁས་ལེན་པའི་སྙིང་སྟོབས་ནི་སྙིང་སྟོབས་མཚན་ཉིད་པ་ཡིན།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*