བན་བོན་གཉིས་ཀྱི་ཐ་སྙད་ཙམ་ལས་དོན་ལ་བཟང་ངན་ཁྱད་པར་མེད།

བན་བོན་གཉིས་ཐ་སྙད་ཙམ་ལས་དོན་ལ་བཟང་ངན་ཁྱད་པར་མེད།

༧ སྐྱབས་མགོན་ས་སྐྱ༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་བཀའ་སློབ

བོན་པོ་ལ་ཧར་གྱིས་བལྟས་པ་ཡིན་ན་མ་འདྲ་བ་སྟེ། ང་རང་ཆུང་དུས་བོན་པོ་ཟེར་བ་དེ་མ་འདྲ་བ་ཞིག་ཡིན་ས་རེད་བསམ་གྱི་ཡོད། བོད་ལ་ཡོད་དུས་ང་ལོ་འང་ཆུང་ཆུང་དང་བོན་པོ་མང་པོ་དང་ཐུག་འཕྲད་ཀྱང་མ་མྱོང་། རྒྱ་གར་ལ་སླེབས་ཟིན་པའི་རྗེས་སུ་བོན་པོའི་བླ་མ་དེ་འདྲ་མང་པོ་མཇལ་སོང་། བཀའ་མོལ་མང་པོའང་བྱུང་སོང་། དེ་འདྲ་བྱེད་པའི་ཐ་སྙད་ཅུང་ཙམ་མ་འདྲ་བ་སྟེ། ང་ཚོས་ཆོས་ཟེར་བ་ལ་བོན་པོས་བོན་ཞེས་ཐ་སྙད་འདོགས་ཚུལ་མ་འདྲ་བ་ཅུང་ཙམ་མ་གཏོགས་གལ་ཆེ་བའི་རྟེན་འབྱུང་གི་རྣམ་བཞག་ལ་སོགས་པ་ང་རང་ཚང་དང་གཅིག་པ་གཅིག་རྐྱང་རེད་འདུག
དེས་ན་ཆོས་ཕྱོགས་ནས་ང་ཚོ་ཚང་མ་གཅིག་གྱུར་མ་གཏོགས་དེར་ཁྱད་པར་བཟང་ངན་དང་མཆོག་དམན་རྩ་བ་ནས་མེད། ཡིན་ཡང་རང་རང་སོ་སོའི་སྐབས་བབ་གྱི་གྲུབ་མཐའ་ག་རེ་ཡིན་ན་དེ་རྩ་བ་གཟུང་དགོས་པ་སྨོས་མ་དགོས་པ་རེད། དེའི་ཐོག་ཏུ་རིས་སུ་མ་ཆད་པའི་ཆོས་ཚུལ་ཚང་མ་ལ་གསན་བསམ་གནང་རྒྱུ་དང་། དད་པ་དག་སྣང་བྱེད་རྒྱུ་སོགས་ཀྱིས་ཚང་མ་ལ་གཅིག་གྱུར་བྱེད་རྒྱུ་གལ་ཆེན་རེད། ཆོས་ལུགས་ཚང་མ་ལ་གུས་བཀུར་དགོས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*