༧ སྐྱབས་མགོན༧ གོང་མ་ཁྲི་ཆེན་མཆོག་འབྲས་སྤུངས་སུ་ཆིབས་བསྒྱུར།

ཁ་རྩང་ཕྱི་ལོ་ 2017 ཟླ་བ་ 4 ཚེས་ 16 ཉིན། འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱའི་༧སྐྱབས་མགོན་གོང་མ་བདག་ཆེན་རྡོ་རྗེ་འཆང་དཔལ་བཟང་པོ་མཆོག འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་། དབུ་མཆོད་རྣམ་པ། འཛིན་སྐྱོང་ཕྱག་མཛོད་རྣམ་པ་བཅས་ཀྱི་གཙོས་དགེ་འདུན་འདུས་མང་ཡོངས་ཀྱིས་དགའ་དད་སྤྲོ་བ་ཆེན་པོས་ཕེབས་བསུ་ཞུས་ཏེ། མཁས་མང་བློ་གསལ་གླིང་གྲྭ་ཚང་གི་གཙུག་ལག་ཁང་ཆེན་ནང་སོར་བཀའ་དྲིན་བསྐྱངས་གནང་ཐོག གནས་གཟིགས་དང་། མགོན་ཁང་ནང་བསྟན་སྲུང་ཁག་དབུ་འཕང་མཐོར་བཏེག་པའི་གསེར་སྐྱེམས་འབུལ་གནང་མཛད། བཞུགས་ཁྲིར་ཞབས་སོར་འཁོད་མཚམས་བློ་གླིང་མཁན་རིན་པོ་ཆེ་མཆོག་ནས་རྟེན་གསུམ་འབུལ་གནང་གིས་སྐུ་ཚེ་སྐལ་བརྒྱར་བརྟན་པའི་གསོལ་འདེབས་ཞུས། དེས་ནས་བདག་ཆེན་རྡོ་རྗེ་འཆང་མཆོག་གིས་མཁན་བླ་འདུས་མང་ཡོངས་ལ་འདི་ཕྱིའི་ལམ་སྟོན་བཀའ་སློབ་ཟབ་མོ་ཕེབས་གནང་མཛད་ཡོད་པ་བཅས།

 

 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*