ཁེར་ཚིག་གི་རྒྱང་གླུ།

དགེ་གྲྭ་རྒྱལ། རྫ་ཆུ་ཁ།
ལྟས་ན་མཛེས་མཛེས་འདྲ་ཡི་ངོ་གདོང་གི་འཛུམ་ཆུང་། །
ཉན་ན་སྙན་སྙན་ངག་གི་དབྱངས་རྟ་ཡི་གད་རྒྱངས་། །
ཡིད་སེམས་ཞེ་མཐུན་ཆགས་སའི་སྙིང་སྡུག་གི་སྒེག་མ། །
མ་བཅོས་མཛེས་པའི་རང་མདངས་ཅི་འདྲ་ཞིག་མཛེས་ཨང་། །

དྲན་ན་ཉིན་ཞག་འགའ་ཡི་དྲན་སྡུག་གི་གཞི་མ། །
དགའ་ན་རྨི་ལམ་འགའ་ཡི་འཁྲུལ་སྣང་གི་མི་སྣ། །
དུང་ན་ཡིད་སེམས་ཞེན་པའི་སྙིང་སྡུག་གི་དགའ་མ། །
མ་བཅོས་ཚིག་གསུམ་འགའ་ཡི་བརྗོད་བྱ་ཞིག་ལོས་ཡིན། །

དྲན་འཕྲིན་སྤྲིན་ལ་སྐུར་ནས་འཕྲིན་ལན་ལ་སྒུག་མྱོང་། །
སྐྱོ་ཚིག་ཆུ་སྒྲ་ཉན་ནས་གླུ་དབྱངས་ཞིག་མཛད་མྱོང་། །
ས་ཐག་ལེ་བར་འགའ་ཡིས་བྱང་ལམ་ཞིག་ཡོད་ཅིང་། །
དགའ་མཐུན་སེམས་པའི་སྙིང་བོ་འདོར་བ་ཞིག་མ་མྱོང་། །

ཁེར་གཏམ་དབྱངས་ཀྱིས་མཐེན་པའི་འཚོ་བ་འདི་བཙན་བས། །
ཡིད་སེམས་སྟེང་མཐའ་འོག་གི་དྲན་དུང་འདི་བསམ་ན། །
མ་བཅོས་ཚིག་གི་བརྗོད་བྱེད་ཡིག་འབྲི་ཡི་བར་ན། །
དགའ་མ་དྲན་བའི་འཚོ་བ་གཡར་མ་ཡི་ཕྱི་ནང་། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*