གསུང་འབུམ་འགྲེམ་བརྡ།

༄༅། །སྡེ་དགེ་དགོན་ཆེན་མཁན་རྒན་བསམ་གཏན་བློ་གྲོས་ཀྱི་གསུང་འབུམ་འགྲེམ་བརྡ།

གུས་པ་འོས་པའི་ཀློག་པ་པོ་དང་དགོན་སྡེ་དག་ལ་ཞུ་བྱ།      ད་ལན་དཔལ་སྡེ་དགེ་དགོན་ཆེན་ལྷུན་གྲུབ་སྟེང་གི་མཁན་ཆེན་རྡོ་རྗེ་འཛིན་པ་ངག་དབང་བསམ་གཏན་བློ་གྲོས་མཆོག་གི་རྣམ་ཐར་རྒྱས་པ་དང་། མཁན་རྒན་མཆོག་གི་གསུམ་འབུམ་པོད་བཞི་བཅས་ད་སྐབས་དངོས་སུ་པར་སྐྲུན་འགྲེམས་སྤེལ་ལ་ཉེ་ཡོད།

ང་ཚོས་སྔོན་ནས་དགོས་མཁན་གྱི་གྲངས་དང་བསྟུན་ཏེ།  གསུང་འབུམ་གྱི་གྲངས་ཀ་ཡང་དེ་ལུགས་ལྟར་དཔར་ངེས་ཡིན་པས།  དགོས་མཁན་དག་གིས་ད་ལྟ་ནས་འབྲེལ་བར་གནང་རོགས།   ད་རུང་གསལ་བཤད་ཞུ་དགོས་པ་ཞིག་ལ།  བོད་ཁུལ་གྱི་ཕྱོགས་སོ་སོའི་དགོན་སྡེ་དག་ལ་དམིགས་བསལ་གྱིས་རིན་གོང་ཅུང་སླ་མོ་བྱེད་རྒྱུ་ཡིན་པས་ཀུན་གྱིས་དེ་ལུགས་ཐུགས་ལ་ངེས་པར་ཞུ་ཞུ།

མཆན། ༽གཡས་ནས་རིམ་བཞིན།
རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
དཔལ་སྤུངས་སི་ཏུ་པདྨ་དབང་མཆོག །
ངོར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ།
དགོན་ཆེན་མཁན་རྒན་ངག་དབང་བསམ་གཏན་བློ་གྲོས།
སྒ་ལེན་མཁྱེན་སྤྲུལ་འཇམ་དབྱངས་ཆོས་ཀྱི་དབང་ཕྱུག །
མདུན་ས་སྐྱོང་སྡེ་དགེའི་རྒྱལ་སྲས་འཇིགས་མེད་ཚེ་དབང་བདུད་འདུལ།

འབྲེལ་གཏུག་བྱ་ཡུལ།

ཁ་པར་ཨང་གྲངས།

17713962687

སྐད་འཕྲིན་ཨང་གྲངས།

Solgye88

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*