མིང་མེད།

                                                   གླག བདེ་ཆེན་རང་གྲོལ།

མགོ་ལྕོག་ལྡེམ་ལྡེམ་གཡོ་བ་དང་། །
ལུས་པོ་སྒུར་སྒུར་བྱེད་པ་དེ། །
སྒྱུ་མའི་ཆོ་འཕྲུལ་ངོ་མ་ཡིན། །
ཕོར་བའི་ནང་ནས་ཆང་འཐུང་བ། །
ལག་ནས་རྫ་བུམ་འཛིན་པ་དང་། །
སྐད་ཆ་ཆོ་མེད་ལབ་པ་དེ། །
ང་ཡི་སེམས་ཀྱི་ཀུན་སློང་ཡིན། །
བག་མེད་ལོངས་སུ་སྤྱོད་པ་པོ། །
བདག་གི་རྒྱལ་བོ་ཡིན་ན་ཡང་། །
རྒྱལ་བོ་ཡིན་ཞེས་མ་སྨྲས་སོ། །

ངས་ནི་ཟས་རྣམས་གཏོར་བའི་རྗེས། །
ཁྭ་ཏ་འདུ་ལོང་བྱེད་པ་ལ། །
མིག་ཟུར་ཙམ་ཡང་མ་བལྟས་སོ། །
ཤིང་རྟ་རྒྱུ་བའི་ཤར་ཕྱོགས་སུ། །
ཁྱོད་མིག་གིས་ནི་བལྟས་ན་འང་། །
ས་འཛིན་ཡིན་པ་མ་ཤེས་སོ། །
ང་ཡི་མགོ་བོ་གཡུག་ཞོར་དུ། །
འདི་ནི་ས་འཛིན་ཡིན་ཞེས་སྨྲས། །
ས་འཛིན་ཤར་ནས་རྒྱུ་བར་གྲགས། །
དེ་བཞིན་བདག་གིས་དེ་འོ་སྙམ། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*