བདག་མོ་བསོད་ནམས་དཔལ་སྐྱིད་མཆོག་ས་ཆེན་སློབ་གྲྭར་ཕེབས་གནང་འདུག

ཁ་རྩང་ ༢༠༢༢/ ༤/༡༨ བོད་ཟླ་ ༠༢/ བོད་ཚེས་ ༡༧ ཉིན་དཔལ་ས་སྐྱའི་མཐོ་སློབ་ཀྱི་ས་ཆེན་སློབ་གྲྭའི་དགེ་སློབ་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་དོན་བཞིན།  ༧ དཔལ་ས་སྐྱའི་བདག་མོ་བསོད་ནམས་དཔལ་སྐྱིད་མཆོག་དྷེ་ར་འདུན་བདེ་སྐྱིད་གླིང་རྟེན་གཞི་བྱེད་པའི་དཔལ་ས་ཆེན་སློབ་གྲྭར་ཆེད་ཕེབས་གནང་བ་མ་ཟད།  ལོ་ཕྱེད་ཡིག་རྒྱུགས་རྩེར་སོན་བྱུང་བའི་སློབ་མ་ཁག་ལ་སློབ་སྦྱོང་མིག་དཔེ་ཅན་ལ་བྱ་དགའ་གསོལ་རས་བསྩལ་གནང་བ་དང་དགེ་སློབ་ཡོངས་ལ་ཤེས་ཡོན་གལ་ཆེའི་སྐོར་དང་མི་གཞི་བཟང་པོ་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་འདུག    དེ་བཞིན་དུ་བདག་མོ་མཆོག་ནས་སློབ་ཕྲུག་ཡོངས་ལ་སྐུ་སྒེར་གྱིས་ཕྱག་རྟགས་རེར་ཡང་བསྩལ་གནང་འདུག  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*