སངས་རྒྱས་ལ་བསྟོད་པ་སོ་སྐྱེས་རྣམ་རིག་འགུལ་བའི་སྒྲ་དབྱངས།

༼ལྡོང་འཇིགས་སྲས།༽ (དཀར་མཛེས)

གསེར་མདོག་འདྲ་བའི་ཞལ་བཟང་ལ།།
ལས་འབྲས་སྨིན་པའི་འོད་དཀར་མཆེད།།
ཞི་བསིལ་གཏན་གྱི་ཉམས་གླུ་ཡིས།།
མ་གྱུར་འགྲོ་བ་འགུག་མཛད་པའི།།
སྙིང་རྗེས་ཆུ་ཀློང་རབས་བརྟོལ་བ།།
ལྗོན་དབང་གང་ལ་གུས་པས་འདུད།།

འཁོར་འདས་མཉམ་པར་བརྡལ་བ་ཡི།།
ཆོས་དབྱིངས་སྤྲོས་བྲལ་ཁང་བཟང་དུ།།
གདུལ་བྱ་སོ་སོའི་བཤུལ་ལམ་ལ།།
སྲིད་ཞིའི་རྫིང་བུར་ཉེར་བཏགས་པའི།།
གཞི་ལམ་སྣང་བའི་མཚན་མ་སྦྱོར།།
ཤེས་རབ་རིག་རྩལ་ཡོངས་སུ་བཟུང་།།

ཁྱོད་ཀྱི་གཤེས་དེ་འོད་ཆེན་འོད།།
མཉམ་བཞག་ཟབ་མོར་རབ་འདྲེས་པའི།།
དམིགས་མེད་བརྩེ་བའི་ཀློང་དབྱིངས་སུ།།
རྩོལ་མེད་རང་ཞལ་གྲོལ་བའི་མཐར།།
ཚོགས་དྲུག་ཡིད་ཀྱི་སྣང་བརྙན་ལ།།
ཀུན་བཟང་དག་པའི་ཆོས་ཆར་འབབ།།

སྟོང་པ་ཉིད་དང་རྟེན་འབྱུང་གི།
ཆོད་ཉིད་གཟུགས་པ་མཐར་ཕྱིན་པའི།།
རྟེན་འབྱུང་དེ་ཉིད་རྟོགས་པའི་བློ།།
ཐུན་མོང་མ་འདྲེས་སྤྱོད་ཡུལ་ལ།།
དོན་འདི་འཁྲུལ་མེད་རིག་པ་ཡིས།།
བློ་ཡིས་བཞག་པ་ཙམ་མིན་བསྒྲུབས།།

ཁྱོད་ཉིད་སྲིད་པའི་སྒྲོན་མེ་གཅིག།
མ་རིག་མུན་པ་སེལ་མཛད་པའི།།
ཇི་སྙེད་རྟོགས་པའི་ཤེས་བྱའི་བློས།།
སྣ་ཚོགས་སྣང་བ་འཆར་བ་ཡི།།
སྣང་ན་མི་སྟོང་བདེན་གྲུབ་ཅེས།།
བདེན་མེད་སྣང་བའི་གཞི་རུ་བསྒྲུབས།།

མཛེས་པའི་མདངས་ཀྱིས་ལང་ཚོའི་སྐུ།།
སྒེག་ལྡན་པིར་བཞེབས་འོད་འཁྱུག་པ།།
བདུད་བཞིའི་གཡུལ་ལས་རྒྱལ་བའི་གཟིས།།
སྤངས་རྟོགས་ཟུང་འཇུག་སྟོབས་ལྡན་དཔལ།།
འདྲེན་མཆོག་དཔལ་ལྡན་དགྱེས་ཞལ་འཛུམ།།
མཚར་སྡུག་ལང་ཚོའི་གཟི་བྱིན་གཡོ།།

འདུར་འབད་ཚིག་གི་དེ་ཡི་དོན།།
མཆོག་གསུམ་རྒྱལ་བའི་རང་བཞིན་ལ།།
བཏག་མིན་དོན་ཉིད་གྲུབ་མཛད་པའི།།
བདག་གིས་འདོད་པའི་དོན་གུན་ལ།།
ཉིད་ཀྱིས་གཟུག་ཤིང་ཉིད་ཀྱིས་སྟོས།།
དཔལ་མཐའ་འབར་བའི་དངོས་གྲུབ་དཔྱོད།།

2021__11____11___ཉིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*