༸སྐྱབས་མགོན་༸ཛྙཱན་བཛྲ་རིན་པོ་ཆེ་མཆོག་གི་སྐུ་སྐར་བསུ།

དེ་རིང་གུ་རུ་རིན་པོ་ཆེའི་དུས་ཆེན་དང་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ཆོས་སྒར་དུ་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཐོག་༧སྐྱབས་མགོན་༧ཛྙ་ན་བཛྲ་རིན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་སྟོན་གྱི་སྟ་གོན་དང་འབྲེལ་འདུས་ཚོགས་ནས་ཚེ་ལྷ་རྣམ་གསུམ་གྱི་ཆོ་གའི་སྒོ་ནས་རིན་པོ་ཆེན་མཆོག་སྐུ་བསོད་དབང་ཐང་དང་མཛད་འཕྲིན་ཡར་ངོ་ཟླ་ལྟར་རྒྱས་པའི་སྨོན་ཚིག་ཟབ་རྒྱས་སྒོ་ནས་སྐུའི་འཁྲུངས་སྐར་བརྩི་སྲུང་གནང་འདུག 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*